འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་22ཉིན།

༄༅།།རྒྱ་མ་དུང་ཕྱུར་2000ཡས་མས་ཟིན་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་22ཉིན། 14:56】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་ཚེས་20ཉིན་2025ལོར་དབྱར་འབྲུ་ཉོ་སྒྲུབ་ཀྱི་སྲིད་ཇུས་ཁྱབ་བསྒྲགས་བྱས། སྔོན་དཔག་རགས་ཙམ་བྱས་པ་ལྟར་ན། དུས་ཚིགས་གསར་པའི་དབྱར་འབྲུ་ཉོ་སྒྲུབ་བྱེད་ཚད་རྒྱ་མ་དུང་ཕྱུར་2000ཡས་མས་ཟིན་རྒྱུ་རེད། ད་ལོར་རང་རྒྱལ་གྱིས་ཐོན་ཁུལ་གཙོ་བོར་གྲོ་དང་འབྲས་ཉོ་སྒྲུབ་ཀྱི་རིན་གོང་དམའ་ཤོས་ཀྱི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཏེ། ཉོ་སྒྲུབ་ཀྱི་རིན་གོང་དང་གྲངས་འབོར་ཕྱི་ཕྱོགས་སུ་ཡོངས་བསྒྲགས་བྱས་ཡོད། ཉེ་ལམ། ཧུའུ་པེ་དང་སི་ཁྲོན་སོགས་ས་ཁུལ་གྱི་གྲོ་གཅིག་རྗེས་གཉིས་མཐུད་ངང་ཁྲོམ་རར་བཏོན་པ་དང་། སྤུས་ཚད་སྤྱིའི་ཆ་ནས་ཡག་ཤོས་རེད།

བཀོད་པ་གཞིར་བཟུང་། ཧོ་ནན་སོགས་གྲོ་ཐོན་ཁུལ་གཙོ་བོ་6གིས་རིམ་རྩིས་བརྒྱབ་ན་མཛོད་ཤོང་རྒྱ་མ་དུང་ཕྱུར་1600གྲ་སྒྲིག་བྱས་པས་དབྱར་འབྲུ་ཉོ་སྒྲུབ་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད།