འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་21ཉིན།

༄༅།།བཅོལ་དངུལ་གྱི་སྐྱེད་ཀ་དམའ་རུ་བཏང་འདུག

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་21ཉིན། 14:01】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཟླ་5ཚེས་20ཉིན། བཟོ་ཚོང་དངུལ་ཁང་དང་། ཞིང་ལས་དངུལ་ཁང་། ཀྲུང་གོའི་དངུལ་ཁང་། འཛུགས་སྐྲུན་དངུལ་ཁང་། སྦྲག་གསོག་དངུལ་ཁང་། འགྲིམ་འགྲུལ་དངུལ་ཁང་བཅས་གཞུང་ཁོངས་དངུལ་ཁང་ཆེན་པོ་དྲུག་གིས་སྔ་རྗེས་སུ་སྤྱི་བསྒྲགས་སྤེལ་ནས། མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་སྐྱེད་ཀའི་ཚད་དམའ་རུ་བཏང་བ་ཁྱབ་བསྒྲགས་བྱས། དེའི་ནང་དུས་བཀག་ལྟར་བཅོལ་དངུལ་ཧྲིལ་ལེན་ལོ་གསུམ་དང་ལོ་ལྔའི་རིང་གཞི་ཚེག་25དམའ་རུ་བཏང་བ་དང་། སོ་སོར་1.25%དང་1.3%ཆག་ཡོད།