འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་21ཉིན།

༄༅།།དབྱར་རྩྭ་དགུན་འབུ་སྔོག་པའི་དུས་ལ་སླེབས། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་21ཉིན། 13:36】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    དབྱར་རྩྭ་དགུན་འབུ་ནི་གཙོ་བོ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3500ནས་སྨི་5000བར་གྱི་གྲང་ངར་ཆེ་བའི་རི་ཁུལ་དུ་སྐྱེ་བ་དང་། དེའི་ཐོན་ཚད་ཧ་ཅང་ཉུང་བ་དང་སྨན་སྤྱོད་རིན་ཐང་ཅུང་ཆེ་བའི་དབང་གིས་“མཉེན་གསེར་”ཞེས་འབོད་ཀྱི་ཡོད།

    བོད་ལྗོངས་ཀྱི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གལ་ཆེན་ཞིག་ཡིན་པའི་ནག་ཆུ་གྲོང་ཁྱེར་སོག་རྫོང་གི་དབྱར་རྩྭ་དགུན་འབུའི་སྤུས་ཚད་ཁྲོམ་རར་སྐད་གྲགས་ཆོད་ཡོད། ཉེ་ཆར་ས་གནས་དེར་《ནག་ཆུ་གྲོང་ཁྱེར་གྱི་དབྱར་རྩྭ་དགུན་འབུ་སྲུང་སྐྱོང་དོ་དམ་སྲོལ་ཡིག་》དངོས་སུ་ལག་བསྟར་བྱས་རྗེས་ཀྱི་དབྱར་རྩྭ་དགུན་འབུ་སྔོག་པའི་དུས་ཚིགས་ཐོག་མ་དེ་བསུ་བཞིན་ཡོད།

    《ནག་ཆུས་གྲོང་ཁྱེར་གྱི་དབྱར་རྩྭ་དགུན་འབུ་སྲུང་སྐྱོང་དོ་དམ་སྲོལ་ཡིག་》ནང་དབྱར་རྩྭ་དགུན་འབུ་འཚོལ་བསྡུ་བྱེད་སྟངས་དང་། འཚོལ་བསྡུ་བྱེད་ཁོངས། འཚོལ་བསྡུའི་དུས་ཡུན། དེ་བཞིན་འབྲེལ་ཡོད་དོ་དམ་བྱེད་ཐབས་བཅས་གཏན་འཁེལ་བྱས་ཡོད། ས་གནས་དེ་གའི་དོ་དམ་སྲོལ་ཡིག་གཞིར་བཟུང་རྒྱ་ཆེའི་འབྲོག་པ་ཚོར་“དབྱར་རྩྭ་དགུན་འབུ་འཚོལ་བསྡུ་ལག་ཁྱེར་”ཞིབ་བཤེར་བྱས་ནས་སྤྲད་པས། རི་ལ་སྐྱོད་སྐབས་འབྲོག་པ་ཚོས་དབྱར་རྩྭ་དགུན་འབུ་སྔོག་རིང་ལག་ཁྱེར་འཁྱེར་དགོས།

   ས་གནས་ཀྱི་བཅའ་སྡོད་ལས་བྱེད་པས་འབྲོག་པ་རྣམས་ལ་“ཆེ་གྲས་སྔོག་འདོན་དང་ཆུང་བ་སོར་འཇོག ས་དོང་སྙོམས་པ་”བཅས་བྱ་རྒྱུའི་མཛུབ་ཁྲིད་བྱས་ཏེ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་པ་དང་། ས་གནས་དེ་གའི་ཉེན་རྟོག་པས་ཉིན་ལྟར་སྐོར་ཞིབ་བྱས་ནས་དབྱར་རྩྭ་དགུན་འབུ་སྔོག་རིང་གི་འབྲོག་པའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་ཀྱི་ཡོད་པ་རེད།

    དབྱར་རྩྭ་དགུན་འབུ་སྔོག་པ་ནི་ས་གནས་དེ་གའི་འབྲོག་པ་རྣམས་ཀྱི་ཡོང་འབབ་འཕར་ཁུངས་གཙོ་བོའི་གྲས་ཤིག་ཡིན། དབྱར་རྩྭ་དགུན་འབུ་སྔོག་མཁན་འབྲོག་པ་པད་དགའ་ཡིས། “ད་ལྟ་དབྱར་རྩྭ་དགུན་འབུ་སྔོག་རྒྱུ་སྔར་བས་ཚད་ལྡན་དུ་གྱུར་ཡོད། ཉིན་ལྟར་ཞོགས་པ་ང་ཚོ་དགའ་སྤྲོའི་ངང་རི་ལ་འཛེགས་པ་དང་། ས་སྲོད་ལ་བདེ་འཇགས་ངང་ཕྱིར་ལོག་ཡོང་གི་ཡོད་”ཟེར། གངས་རི་ཡིས་སྲོལ་རྒྱུན་གྱི་འཚོ་ཐབས་དང་དེང་རབས་ཀྱི་སྐྱེ་ཁམས་སྲུང་སྐྱོང་འདུ་ཤེས་མཉམ་འདྲེས་ཀྱི་བདེན་དཔང་བྱེད་བཞིན་ཡོད།