འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་21ཉིན།

༄༅།།《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་
སློབ་སྦྱོང་གི་རིག་གཞུང་དཔེ་ཚོགས》དེབ་བཅུ་གཅིག་པ་ནས་བཅོ་ལྔ་པའི་བར་
དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་21ཉིན། 10:32】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གི་རིག་གཞུང་དཔེ་ཚོགས》དེབ་བཅུ་གཅིག་པ་ནས་བཅོ་ལྔ་པའི་བར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་བཀྲམ་པ་རེད།

    རིག་གཞུང་དཔེ་ཚོགས་དེའི་དེབ་བཅུ་གཅིག་པ་ནས་བཅོ་ལྔ་པའི་བར་གྱི་ནང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་2023ལོའི་ཟླ་11པ་ནས་བཟུང་རྩོམ་འབྲི་སྒྲིག་འཛུགས་བྱས་པ་མ་ཟད་མི་དམངས་ཉིན་རེའི་ཚགས་པར་དང《བདེན་འཚོལ》དུས་དེབ་སོགས་སུ་སྤེལ་བའི་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་ཀྱི་རྩོམ་ཡིག་རབ་དང་རིམ་པ་ཁག་29བསྡུས་པ་དང་དེ་དག་ལ་ཡིག་འབྲུ་ཁྲི་23ཙམ་ཡོད་པ་རེད། རྩོམ་ཡིག་དེ་དག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ནས་དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མ་ལག་ཅན་གྱི་ཞིབ་འཇུག་དང་རིགས་ལམ་ཅན་གྱི་འཆད་འགྲེལ་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། དཔེ་ཚོགས་དེའི་དེབ་དང་པོ་ནས་ལྔ་པ་བར་དང་། དེབ་དྲུག་པ་ནས་བཅུ་པ་བར་2020ལོ་དང་2023ལོར་ཁག་སོ་སོར་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།