འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་20ཉིན།

༄༅།།དངུལ་བུན་གྱི་སྐྱེད་ཀ་འདི་ཆག་འདུག

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་20ཉིན། 14:10】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཀྲུང་གོའི་མི་དམངས་དངུལ་ཁང་གིས་རྒྱལ་ཡོངས་དངུལ་ཁང་བར་གྱི་ལས་རིགས་གཅིག་པའི་གཡར་རེས་ལྟེ་གནས་ལ་སྤྲད་པ་ཁྱབ་བསྒྲགས་བྱས་དོན། 2025ལོའི་ཟླ་5པའི་ཚེས་20ཉིན་གྱི་དངུལ་བུན་ཁྲོམ་རའི་རིན་གོང་གི་སྐྱེད་ཀའི་ཚད་(LPR)ནི། དུས་ཡུན་ལོ་གཅིག་གི་ LPRནི་3.0%ཡིན། ལོ་ལྔ་ཡན་གྱི་LPRནི་3.5%ཡིན། ལོ་གཅིག་དང་ལོ་ལྔ་ཡན་གྱི་LPRགཉིས་ཀ་གཞི་ཚེག་10ཆག་ཡོད། གོང་གི་LPRདེ་ཐེངས་རྗེས་མར་LPRཁྱབ་བསྒྲགས་མ་བྱས་པའི་གོང་་བར་གོ་ཆོད་རྒྱུ་རེད།