གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་19ཉིན། 15:10】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཚོང་དོན་པུའུ་ཡིས་ཉེ་ཆར་སྤྱི་བསྒྲགས་སྤེལ་ནས། ཨ་རི་དང་ཡོ་རོབ་མནའ་འབྲེལ། ཀྲུང་གོའི་ཐའེ་ཝན་ས་ཁུལ། ལྗར་པན་བཅས་ནས་ཐོན་སྐྱེད་བྱས་པའི་ནང་འདྲེན་མཉམ་འདུས་ཅ་ཆོན་ལ་ཕམ་ཚོང་རྒྱག་པའི་གནས་ཚུལ་ཡོད་པ་དང་། ཀྲུང་གོའི་སྐམ་ས་ཆེན་པོའི་མཉམ་འདུས་ཅ་ཆོན་ཐོན་ལས་ལ་གནོད་འཚེ་བཟོས་པ་མ་ཟད། ཕམ་ཚོང་རྒྱག་པ་དང་གནོད་འཚེ་ངོ་མའི་བར་རྒྱུ་འབྲས་ཀྱི་འབྲེལ་བ་ཡོད་པའི་ངོས་འཛིན་མཐའ་གཅིག་ཏུ་བྱས་ཡོད། ཚོང་དོན་པུའུ་ཡིས། 2025ལོའི་ཟླ་5ཚེས་19ཉིན་ནས་བཟུང་ཨ་རི་དང་། ཡོ་རོབ་མནའ་འབྲེལ། ཀྲུང་གོའི་ཐའེ་ཝན་ས་ཁུལ། ལྗར་པན་བཅས་ནས་ཐོན་སྐྱེད་བྱས་པའི་ནང་འདྲེན་མཉམ་འདུས་ཅ་ཆོན་ལ་ཕམ་ཚོང་རྒྱག་པར་ངོ་རྒོལ་བྱེད་པའི་དཔྱ་ཁྲལ་བསྡུ་རྒྱུའི་ཐག་བཅད་པ་དང་། དུས་བཀག་ནི་ལོ་ལྔ་ཡིན།