འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་19ཉིན།

༄༅།།ཐེ་རོན་ཕུ་ཡིས་ཨུ་ཡུག་དམག་འཁྲུག་ཐད་བཤད་དོན།  

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་19ཉིན། 15:09】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་ཚེས་17ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་བརྗོད་དོན། ཁོང་གིས་ཚེས་19ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་སོ་སོར་ཁ་པར་བརྒྱབ་ནས་ཕྱོགས་གཉིས་པོས་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་འཇོག་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

ཐེ་རོན་ཕུ་ཡིས་བཤད་རྒྱུར། ཁོས་ཚེས་19ཉིན་གྱི་སྔ་དྲོར་སྔོན་ལ་ཕུའུ་ཅིང་དང་ཁ་བརྡ་བྱ་རྒྱུ་ཡིན་པ་དང་། བརྗོད་གཞིའི་ནང་དུ་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་གཏུག་མཚམས་འཇོག་རྒྱུ་དང་ཉོ་ཚོང་གི་གནད་དོན་ཚུད་ཡོད་ཟེར། དེའི་རྗེས་སུ་ཁོང་གིས་ཙེ་ལེན་སི་ཅི་དང་ཁ་པར་རྒྱག་རྒྱུ་མ་ཟད། དེའི་རྗེས་སུ་ཙེ་ལེན་སི་ཅི་དང་མཉམ་དུ་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཁག་དང་གྲོས་མོལ་བྱ་རྒྱུ་ཡིན།

ཐེ་རོན་ཕུ་ཡིས། “འདི་ནི་གྲུབ་འབྲས་ལྡན་པའི་ཉིན་ཞིག་ཡིན་ངེས་ལ། དམག་མཚམས་འཇོག་རྒྱུ་མངོན་འགྱུར་ཡོང་ཐུབ་པར་སྨོན་” ཞེས་བྲིས་ཡོད།