འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་19ཉིན།

༄༅།།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡིག་ཆ་འདི་བསྒྲཊ། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་19ཉིན། 15:03】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཟོ་བཅོས་བརྒྱབ་རྗེས་ཀྱི་《ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ལག་བསྟར་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》 (གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ།)དཔར་འགྲེམས་བྱས་པ་མ་ཟད། བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཁག་ཁག་ལ་བརྩི་སྲུང་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

བརྡ་ཐོའི་ནང་བསྟན་དོན། 《སྲོལ་ཡིག》བཟོ་བཅོས་རྒྱག་སྐབས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་དང་། དམིགས་ཚད་ཕྱོགས་སྟོན་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དུས་བསྟུན་འཕེལ་རྒྱས་ཀྱིས་ཏང་སྲིད་ལས་ཁུངས་ཀྱི་འགྲོ་གྲོན་དོ་དམ་དང་། རྒྱལ་ནང་གི་གཞུང་འགྲུལ། གཞུང་དོན་དུ་གནས་སྐབས་ཕྱི་རྒྱལ་(མངའ་ཁོངས་ཕྱི།)དུ་སྐྱོད་པ། གཞུང་དོན་སྣེ་ལེན། གཞུང་སྤྱོད་རླངས་འཁོར། ཚོགས་འདུའི་བྱེད་སྒོ། གཞུང་ལས་ཁང་། ཐོན་ཁུངས་གྲོན་ཆུང་སོགས་ཀྱི་གཏན་འབེབས་འཐུས་སྒོ་ཚང་དུ་བཏང་ཡོད་པ་དང་། གྲོན་ཆུང་ནན་ཏན་བྱེད་པ་དང་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་སྲིད་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་གྲོན་ཆུང་གིས་འཚོ་བ་སྐྱེལ་བའི་ལམ་ལུགས་ཀྱི་གཅུས་གཟེར་སྔར་ལས་དམ་དུ་གཏོང་རྒྱུ་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། “སྤྱོད་ཚུལ་བཞི”ཡོ་བསྲང་རྒྱུན་མཐུད་དུ་གཏིང་ཟབ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་རེད།