གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་19ཉིན། 14:26】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི་《2025ལོའི་དུས་ཆེན་དང་གུང་གསེང་ཁག་ཅིག་བཀོད་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་》གཞིར་བཟུང་། ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་བཀོད་སྒྲིག་བྱས་པ་གཤམ་གསལ་ལྟར། ཟླ་5ཚེས་31ཉིན་(གཟའ་སྤེན་པ་)ནས་6ཚེས་2ཉིན་བར་གུང་གསེང་གཏོང་རྒྱུ་ཡིན་ཞིང་ཁྱོན་བསྡོམས་ཉིན་3ཡོད།
དོ་སྣང་བྱེད་དགོས་པ་ནི་ལྔ་པའི་ཚེས་ལྔའི་གུང་གསེང་རིང་མྱུར་བགྲོད་གཞུང་ལམ་ལ་སྔར་བཞིན་ལམ་རིན་བསྡུ་རྒྱུ་རེད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་བསྒྲགས་བྱས་པའི་《འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་སྡེ་ཁག་གིས་དུས་ཆེན་དང་གུང་གསེང་གལ་ཆེན་སྐབས་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་ཤར་བགྲོད་གྲོན་དངུལ་མི་བསྡུ་བའི་ལག་བསྟར་ཇུས་གཞིར་མཆན་འགོད་བརྒྱུད་སྤྲོད་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་》གཞིར་བཟུང་། གཞུང་ལམ་ལ་རིན་མི་དགོས་པར་ཤར་བགྲོད་བྱེད་པའི་དུས་ཚོད་ཀྱི་ཁྱབ་ཁོངས་ནི་དཔྱིད་གསར་དུས་ཆེན་དང་དྭངས་གསལ་དུས་ཆེན། ངལ་རྩོལ་དུས་ཆེན། རྒྱལ་སྟོན་དུས་ཆེན་སོགས་རྒྱལ་ཁབ་ཀྱི་ཁྲིམས་བཀོད་དུས་ཆེན་དང་གུང་གསེང་བཞི་པོ་ཡིན།