འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་19ཉིན།

༄༅།།ཉི་འགོག་ཚད་ལས་བརྒལ་བ་བྱས་ན་གནོད་པ་འདི་དག་ཡོད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་19ཉིན། 14:24】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཉི་འགོག་ལྭ་བ་དང་ཉི་འགོག་བྱུགས་རྫས། ཉི་འགོག་གདོང་རས། ཉི་འགོག་ཁ་རས། ཉི་འགོག་ལག་ཤུབས་ལ་སོགས་པ་གྱོན་ནས་ཉི་འགོག་ཚད་ལས་བརྒལ་བ་བྱས་ན། དོན་དངོས་ཐོག་ཁྱོད་ཀྱི་བསམ་ཡུལ་ལས་འདས་པའི་གནོད་འཚེ་མང་པོ་ཞིག་ཡོད།

ཉི་མ་ལྡེ་བ་ཉུང་དྲགས་ན་ཀླད་པའི་ཟགས་ཐོན་གྱི་ནག་ཐིག་ཇེ་མང་དུ་འགྲོ་བ་དང་། མིའི་ལུས་པོ་ཐང་ཆད་ཤུགས་ཇེ་ཆེར་འགྲོ་སྲིད། དུས་མཚུངས་སུ་ཀླད་པའི་ནང་གི་“སྤྲོ་སྐྱིད་སྐུལ་རྩི་”གྲུབ་པར་ཡང་ཚོད་འཛིན་བྱས་ནས་སྐྱོ་སྣང་སྐྱེ་སྲིད།

མིའི་ལུས་ཕུང་ལ་མཁོ་བའི་འཚོ་བཅུད་Dཡི་བརྒྱ་ཆ་དགུ་བཅུ་ནི་ཉི་མ་ལྡེ་བ་བརྒྱུད་ནས་འདྲེས་སྦྱོར་བྱེད་དགོས་པ་དང་། འཚོ་བཅུད་Dནི་ཚིལ་གྱི་ཕྲ་ཕུང་འདྲེས་སྦྱོར་དང་དབྱེ་ཕྲལ་སྙོམས་སྒྲིག་བྱེད་པར་ཞུགས་ཆོག་པ་དང་། ཤ་རྒྱག་པ་སྔོན་འགོག་བྱེད་པར་ནུས་པ་གལ་ཆེན་ཡོད་པ་མ་ཟད། སྐམ་རྒྱུ་འདྲེས་སྦྱོར་བྱེད་པར་ཞུགས་ཆོག སྐམ་རྒྱུ་མེད་ན་མི་ལ་ཚོད་འཛིན་བྱེད་མི་ཐུབ་པའི་བཀྲེས་ལྟོགས་ཀྱི་ཚོར་བ་དང་ཡི་ག་རྒྱས་པ། ཟ་མ་མང་པོ་ཟ་བ་སོགས་བྱུང་ནས་ཚོན་པོར་འགྱུར་སྲིད།