འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་19ཉིན།

༄༅།།བོད་ཀྱིས“ཆ་འཕྲིན་མྱུར་ལམ”ཧུར་ཐག་བཏོད་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་19ཉིན། 14:15】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་རྨང་གཞིའི་སྒྲིག་བཀོད་ཀྱི་རྨང་གཞི་འཛུགས་རྒྱུ་མཐའ་འཁྱོངས་བྱས་ཏེ། “ཆ་འཕྲིན་མྱུར་ལམ”ནུས་ཤུགས་ཡོད་རྒུས་བཏོད་པས། 2024ལོའི་ཟླ་12པའི་བར་དུ་བོད་ཀྱི་ཀྲའོ་སྟོང་གི་འོད་སྐུད་དྲ་རྒྱ་ཁྱིམ་ཚང་ཁྲི་275ལ་ཁྱབ་ཐུབ་པའི་ནུས་པ་ལྡན་པ་དང་། 10G-PONདང་དེ་ཡན་གྱི་མཐུད་སྣེའི་གཞི་ཁྱོན་ཁྲི་7.94ཟིན་པ། 5Gསྦྲེལ་ཚུགས་རིམ་རྩིས་བརྒྱབ་ན་ཁྲི་1.7ལྷག་ཙམ་བསྐྲུན་པ། སྲིད་འཛིན་གྲོང་ཚོ་70%ལ་5Gདྲ་རྒྱ་ཤར་གཏོང་ཐུབ་པ། 5Gལྟེ་བའི་དྲ་རྒྱའི་དྲ་རྒྱ་མི་འདྲ་བའི་རྒྱང་སྒྲོལ་ཚོང་སྤྱོད་ཁྱབ་གདལ་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། རིག་ལྡན་ཞིང་ལས་དང་རིག་ལྡན་སྨན་བཅོས་སོགས་ལ་རྨང་གཞི་བཏིང་བ་རེད།