འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་19ཉིན།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གིས་ཀན་སུའུ་རུ་བཟའ་བཅའི་བདེ་འཇཌ་བཅའ་ཁྲིམས་ལག་བསྟར་སྐོར་ལ་ཞིབ་བཤེར་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་19ཉིན། 14:10】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   འདི་ག་ཚགས་པར་ཁང་དུ་ལན་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་13ཉིན་ནས་ཚེས་16ཉིན་བར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཚའེ་ཏ་ཧྥུང་གིས་ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གི་སྣེ་ཁྲིད་ནས་ཀན་སུའུ་ཞིང་ཆེན་དུ་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་ལག་བསྟར་སྐོར་ལ་ཞིབ་བཤེར་བྱེད་སྐབས། བཟའ་བཅའི་བདེ་འཇགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱེད་པ། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་སྤྱི་ཚོགས་བརྟན་ལྷིང་གི་མཐོ་ཚད་ནས་བཟའ་བཅའི་བདེ་འཇགས་ལས་དོན་སྟངས་འཛིན་བྱེད་པ། རང་འགུལ་ངང་ཉེན་ཁ་འགོག་ཟོན་དང་སེལ་བ། བཟའ་བཅའི་བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་སྲུང་བ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱིས་བདེ་འཇགས་དང་བློས་འཁེལ་བའི་ལྟོ་ཆས་ཟ་རྒྱུ་ཡོང་བ་བྱེད་དགོས་པའི་ནན་བཤད་བྱས་ཡོད།

    ཞིབ་བཤེར་ཚོགས་ཆུང་གིས་ཀན་སུའུ་ཞིང་ཆེན་གྱིས་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱེད་པའི་ཉམས་མྱོང་དང་བྱེད་སྟངས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཞིབ་བཤེར་ཚོགས་ཆུང་གིས་ཁྲིམས་སྒྱུར་ཞིབ་བཤེར་གོ་སྐབས་སུ་བྱས་ཏེ། སྲིད་གཞུང་གི་འགན་འཁྲི་དམ་དུ་དང་ནན་དུ་བཏང་ནས་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་ཕྱོགས་ཡོངས་ནས་ནུས་ལྡན་ངང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད། ཀན་སུའུ་རུ་སྡོད་རིང་ཞིབ་བཤེར་ཚོགས་ཆུང་གིས་སྔ་རྗེས་སུ་ལན་ཀྲོའུ་དང་ཐེན་ཧྲུའེ་རུ་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་པ་མ་ཟད། ཀན་སུའུ་ཡིས་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་སེང་དང་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་དང་གྲོས་འགོ་ཉན་པ་རེད།