འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་16ཉིན།

༄༅།།པར་ཙིར་སོཊ་རྒྱལ་ཁབ་5ལ་སྲིད་ཇུས་འདི་ལག་བསྟར་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་16ཉིན། 14:35】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཚེས་15ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། གསར་འགོད་པ་ཞིག་གིས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་ཚོགས་འདུ་འཚོག་པའི་སྐབས་པར་ཙིར་སོགས་རྒྱལ་ཁབ་5ལ་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་ཚོད་ལྟ་བྱ་རྒྱུ་ཁྱབ་བསྒྲགས་བྱས་པའི་སྐོར་དྲི་བ་བཏོན་པ་རེད།

དེའི་ཐད་ལིན་ཅན་གྱིས་བཤད་དོན། ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ་འགྲོ་འོང་སྔར་ལས་སྟབས་བདེ་ཡོང་ཆེད། ཀྲུང་གོ་ཕྱོགས་ཀྱིས་ཐོངས་མཆན་འགོད་མི་དགོས་པའི་རྒྱལ་ཁབ་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུའི་གཏན་འབེབས་བྱས་ཡོད། 2025ལོའི་ཟླ་6ཚེས་1ཉིན་ནས་2026ལོའི་ཟླ་5ཚེས་31ཉིན་བར། པར་ཙིར་དང་། ཨ་ཀེན་ཐིན། ཀྲི་ལི། ཕེ་རི། ཝུ་ར་ཀུའེ་བཅས་ལ་སྤྱིར་བཏང་གི་ཕྱིར་སྐྱོད་ལག་ཁྱེར་འཛིན་མཁན་ལ་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་ཚོད་ལྟ་བྱས་ཡོད། གོང་གསལ་རྒྱལ་ཁབ་ལྔའི་སྤྱིར་བཏང་གི་ཕྱིར་སྐྱོད་ལག་ཁྱེར་འཁྱེར་བའི་མི་སྣ་ཀྲུང་གོར་ཚོང་རྒྱག་པར་ཡོང་བ་དང་། ཡུལ་སྐོར་དང་ལྟ་སྐོར། གཉེན་ཉེ་དང་གྲོགས་པོར་འཚམས་འདྲི། སྤེལ་རེས་དང་འཚམས་འདྲི་བྱེད་པར་ཡོང་ན། མངའ་ཁོངས་བརྒྱུད་དུས་ཉིན་30ལས་མ་བརྒལ་ན་ཐོངས་མཆན་འགོད་པའི་ལག་ཁྱེར་གཉེར་མི་དགོས་པར་རྒྱལ་ཁོངས་སུ་ཡོང་ཆོག

ལིན་ཅན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཆུ་ཚད་མཐོ་བའི་སྒོ་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་བྱེད་ཐབས་དེ་ལས་མང་བ་བཏོན་ནས། ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ་འགྲོ་འོང་སྟབས་བདེ་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་ཡིན། ང་ཚོས་ཀྱང་ཕྱི་རྒྱལ་གྱི་གྲོགས་པོ་སྔར་ལས་མང་བ་ཞིག་གིས་ཀྲུང་གོར་ཡོང་ནས་མིང་རྟགས་འགོད་མི་དགོས་པ་དང་ཐོངས་མཆན་འགོད་པའི་ལག་ཁྱེར་སྟབས་བདེ་ཅན་དུ་འགྱུར་བའི་སྲིད་ཇུས་བེད་སྤྱོད་ཡག་པོ་བྱེད་པར་དགའ་བསུ་ཞུ་རྒྱུ་དང་། ཀྲུང་གོར་ཐེངས་མང་བསྐྱོད་ནས་བལྟ་སྐོར་བྱེད་པ་དང་། ཚོན་མདངས་རྣམ་པར་བཀྲ་ཞིང་སྤྲོ་སེམས་རབ་ཏུ་འཁོལ་བའི་ཀྲུང་གོ་ཉམས་སུ་མྱོང་བ་བཅས་བྱེད་དགོས།