གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་15ཉིན། 16:16】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་ཝུའུ་ཙི་པིག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་བར་ཕན་ཚུན་འཐུས་མཆན་འགོད་མི་དགོས་པའི་སྐོར་གྱི་ཆོད་ཡིག་》དེ་2025ལོའི་ཟླ་6པའི་ཚེས་1ཉིན་ནས་གོ་ཆོད་རྒྱུ་རེད།
ཆོད་ཡིག་ལ་གཞིགས་ན། ཀྲུང་གོའི་གཞུང་དོན་དང་། གཞུང་དོན་སྤྱིར་བཏང་བ། དེ་བཞིན་སྤྱིར་བཏང་གི་ཕྱིར་སྐྱོད་ལག་ཁྱེར་ཡོད་པའི་མི་སྣ་དང་ཝུའུ་ཙི་པིག་སི་ཐན་གྱི་ཕྱིར་སྐྱོད་ལག་ཁྱེར་དཀྱུས་མ་ཡོད་པའི་མི་སྣ་ཆིངས་ཡིག་འཇོག་མཁན་ཕྱོགས་རྒྱལ་ཁོངས་སུ་ཡོང་བ་དང་། རྒྱལ་ཁོངས་ལས་ཐོན་པའམ་ཡང་ན་རྒྱལ་ཁོངས་ལས་བརྒལ་བ། སྡོད་ཐེངས་གཅིག་ལ་ཉིན་30ལས་མི་བརྒལ་བ་དང་། ཉིན་180རེར་རིམ་རྩིས་བརྒྱབ་ན་གནས་སྡོད་དུས་ཡུན་ཉིན་90ལས་མི་བརྒལ་ན། འཐུས་མཆན་འགོད་པའི་ལག་ཁྱེར་གྱི་འགྲོ་ལུགས་འགྲིམ་མི་དགོས།
ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་མངའ་ཁོངས་སུ་སྡོད་ཐེངས་གཅིག་ལ་ཉིན་30ལས་བརྒལ་བའམ་ཡང་ན། ཆིངས་ཡིག་འཇོག་མཁན་ཕྱོགས་གཞན་ཞིག་གི་མངའ་ཁོངས་སུ་གཞིས་ཆགས་ནས་ལས་ཀ་དང་སློབ་སྦྱོང་། གསར་འགྱུར་འཕྲིན་སྤེལ་སོགས་བྱེད་དགོས་ན་ངེས་པར་དུ་ཆིངས་ཡིག་འཇོག་མཁན་ཕྱོགས་ཅིག་ཤོས་ཀྱི་གཙོ་སྐྱོང་སྡེ་ཁག་གིས་སྔོན་ལ་ཆོག་མཆན་བཀོད་ཟིན་པའི་བྱེད་སྒོ་ཡིན་དགོས། ཆིངས་ཡིག་འཇོག་མཁན་ཕྱོགས་ཅིག་ཤོས་ཀྱི་རྒྱལ་ཁོངས་སུ་ཡོང་བའི་སྔོན་ལ་བབ་མཚུངས་ཀྱི་འཐུས་མཆན་ལག་ཁྱེར་ཞུ་དགོས།