འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་15ཉིན།

༄༅།།ཀྲུང་གོའི་དངུལ་ཁང་གིས་དོན་འདི་བསྒྲགས་འདུག

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་15ཉིན། 16:16】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཀྲུང་གོའི་མི་དམངས་དངུལ་ཁང་གིས་ཉེ་ཆར་ཁྱབ་བསྒྲགས་བྱས་དོན། ཟླ་5ཚེས་15ཉིན་ནས་བཟུང་དངུལ་རྩའི་ལས་ཁུངས་ཀྱི་བཅོལ་དངུལ་གྲབས་འཇོག་བྱེད་ཚད་བརྒྱ་ཆའི་གཞི་གྲངས་0.5དམའ་རུ་བཏང་བ་དང་།(དེའི་ནང་བཅོལ་དངུལ་གྲབས་འཇོག་བྱེད་ཚད་5%ལག་བསྟར་བྱས་ཟིན་པའི་དངུལ་རྩའི་ལས་ཁུངས་ཚུད་མེད།) རླངས་འཁོར་དངུལ་རྩའི་ཀུང་སི་དང་དངུལ་རྩ་བོགས་མར་གཏོང་ལེན་ཀུང་སིའི་བཅོལ་དངུལ་གྲབས་འཇོག་བྱེད་ཚད་བརྒྱ་ཆའི་གཞི་གྲངས་5དམའ་རུ་བཏང་ཡོད།

བཅོལ་དངུལ་གྲབས་གསོག་བྱེད་ཚད་བརྒྱ་ཆའི་གྲངས་0.5དམའ་རུ་བཏང་ནས། སྔོན་དཔག་བྱས་ན་ཁྲོམ་རར་ཡུན་རིང་འཁོར་རྒྱུག་རང་བཞིན་སྒོར་དུང་ཕྱུར་ཁྲི་1ཙམ་མཁོ་འདོན་བྱ་རྒྱུ་རེད། རླངས་འཁོར་དངུལ་རྩའི་ཀུང་སི་དང་དངུལ་རྩའི་བོགས་གཏོང་ཀུང་སིའི་བཅོལ་དངུལ་གྲབས་གསོག་བྱེད་ཚད་དེ་དེ་སྔའི་5%ནས་0%བར་དམའ་རུ་བཏང་བ་དེས་སྒྲིག་གཞི་དེ་གཉིས་ཀྱིས་དམིགས་བསལ་ཁྱབ་ཁོངས་ལ་ཁ་ཕྱོགས་པའི་ཡིད་རྟོན་དངུལ་བུན་མཁོ་འདོན་བྱེད་ནུས་ཆེ་རུ་འགྲོ་རྒྱུ་རེད།