འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་15ཉིན།

༄༅།།འཆལ་གཏམ་འདི་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་15ཉིན། 16:10】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཟླ་5ཚེས་14ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།

གསར་འགོད་པ་ཞིག་གིས། ཀྲུང་གོར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་ཟུར་པ་པའོ་ཨེན་སིས་ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ལ་གལ་ཏེ་ཧྥེན་ཐའེ་ཉིའི་གནད་དོན་ཐད་མཐུན་སྦྱོར་མ་བྱས་ཚེ། ཀྲུང་གོ་ཕྱོགས་ཀྱིས་ངེས་པར་དུ་རིན་དོད་གཏོང་དགོས་པ་མ་ཟད་ཀྲུང་གོར་རྫས་འགྱུར་དངོས་རྫས་འཁོར་རྒྱུག་བྱ་རྒྱུར་བཀག་འགོག་བྱེད་པའི་ནུས་པ་ཡོད་ཅེས་གསལ་པོ་བཤད་ཡོད་ཟེར་བར། ཀྲུང་གོ་ཕྱོགས་ནས་དེའི་ཐད་ལན་གང་ཞིག་འདེབས་རྩིས་ཡོད་དམ་ཞེས་དྲིས།

ལིན་ཅན་གྱིས་བསྟན་དོན། དེ་སྔོན་ང་ཚོས་ཧྥེན་ཐའེ་ཉི་ནི་ཨ་རིའི་གནད་དོན་ཡིན་པ་ལས་ཀྲུང་གོའི་གནད་དོན་མིན་པ་དང་འགན་འཁྲི་ཨ་རི་རང་ཉིད་ལ་ཡོད་པ་གསལ་བཤད་ཐེངས་མང་བྱས་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་སེམས་བཟང་སྣང་མེད་དུ་བཞག་པ་དང་། ཀྲུང་གོར་གནས་ལུགས་མེད་པར་ཧྥེན་ཐའེ་ཉིའི་སྒོ་ཁྲལ་བསྣན་པ་དེས་ཀྲུང་གོ་དང་ཨ་རིའི་དུག་འགོག་ཁྱབ་ཁོངས་ཀྱི་གླེང་མོལ་དང་མཉམ་ལས་ལ་ཕོག་ཐུག་ཚབས་ཆེན་བཏང་བ་མ་ཟད། ཀྲུང་གོ་ཕྱོགས་ཀྱི་ཁེ་ཕན་ལའང་གནོད་འཚེ་ཚབས་ཆེན་བཏང་བ་རེད། གལ་ཏེ་ཨ་རི་ཕྱོགས་ཀྱིས་སེམས་གཏིང་ནས་ཀྲུང་གོ་དང་མཉམ་ལས་བྱེད་འདོད་ན། ཀྲུང་གོར་དམའ་འབེབས་དང་འགན་དཀྲི་བྱེད་མཚམས་བཞག་སྟེ། འདྲ་མཉམ་དང་བརྩི་འཇོག གཉིས་ཕན་བཅས་ཀྱི་རྣམ་པའི་ཐོག་ནས་ཀྲུང་གོ་དང་གླེང་མོལ་བྱ་དགོས།

ཨ་རི་ཕྱོགས་ཀྱི་མི་སྣས་དོན་དངོས་ལ་བསམ་བློ་མ་བཏང་བར་འགན་མི་འཁུར་བའི་འཆལ་གཏམ་དེ་རིགས་སྤེལ་བར་ང་ཚོས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།