འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་15ཉིན།

༄༅།།ས་ཆ་འདི་དག་ལ་དྲག་ཆར་འབབ་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་15ཉིན། 15:55】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། ཟླ་5ཚེས་15ཉིན་གྱི་ཆུ་ཚོད་8པ་ནས་ཚེས་16ཉིན་གྱི་ཆུ་ཚོད་8པའི་བར། བོད་ལྗོངས་ཤར་ལྷོའི་རྒྱུད་དང་། མཚོ་སྔོན་གྱི་ལྷོ་རྒྱུད། སི་ཁྲོན་གཤོང་སའི་ནུབ་རྒྱུད། ཀུའེ་ཀྲོའུ་ཡི་ལྷོ་རྒྱུད། ཡུན་ནན་གྱི་ཤར་རྒྱུད། ཅང་ཧའེ་ཡི་ནུབ་རྒྱུད། འབྲི་ཆུའི་ལྷོ་རྒྱུད་མང་ཆེ་བ། ཧྭ་ལྷོའི་བྱང་རྒྱུད་དང་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་རེད། ཀུའེ་ཀྲོའུ་ཡི་ཤར་ལྷོ་རྒྱུད་དང་། ཧུའུ་ནན་གྱི་ལྷོ་ནུབ་རྒྱུད། ཅང་ཞིའི་དབུས་བྱང་རྒྱུད། ཀོང་ཞིའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་(ཧོ་སྨི་50ནས་80བར་)འབབ་རྒྱུ་རེད།

ཟླ་5ཚེས་16ཉིན་གྱི་ཆུ་ཚོད་8པ་ནས་ཚེས་17ཉིན་གྱི་ཆུ་ཚོད་8པའི་བར། ནང་སོག་གི་ཤར་རྒྱུད་དང་། བྱང་ཤར་ས་ཁུལ་གྱི་ནུབ་རྒྱུད་དང་ལྷོ་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད། སི་ཁྲོན་ནུབ་རྒྱུད་མཐོ་སྒང་གི་བྱང་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་ལྷོའི་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་བྱང་རྒྱུད་དང་ནུབ་རྒྱུད། ཧྭ་ལྷོའི་ས་ཁུལ་མང་ཆེ་བ་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་རེད། ཀུའེ་ཀྲོའུ་ཡི་ལྷོ་ནུབ་རྒྱུད་དང་། ཅང་ཞིའི་བྱང་ཤར་རྒྱུད། ཀྲེ་ཅང་གི་ནུབ་རྒྱུད། ཀོང་ཞིའི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་(ཧོ་སྨི་50ནས་80བར་)འབབ་རྒྱུ་རེད།