འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་15ཉིན།

༄༅།།ཤང་ཀང་ནས་ལྷ་སར་ཐད་ཀར་འཕུར་བའི་ཁྲལ་སྲུང་ཟོག་གྲབས་རྣམ་པའི་དངོས་ཟོག་བདེ་བླག་ངང་བོད་དུ་འབྱོར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་15ཉིན། 15:48】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས་ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གསར་སྤེལ་མ་འཇོག་ཚད་ཡོད་ཀུང་སིའི་ཁྲལ་སྲུང་ཟོག་གྲབས་རྣམ་པའི་དངོས་ཟོག་ཁག་གསུམ་པ་བོད་ལྗོངས་མཁའ་འགྲུལ་ཀུང་སིའི་ཤང་ཀང་ནས་ལྷ་སར་ཐད་ཀར་འཕུར་བའི་རྒྱལ་སྤྱིའི་དུས་གཏན་གནམ་གྲུ་ཐོག་མར་བླུགས་ནས་བོད་དུ་བདེ་བླག་ངང་འབྱོར་ཡོད། དེ་ནི་ལྷ་ས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གསར་སྤེལ་མ་འཇོག་ཚད་ཡོད་ཀུང་སིའི་རྒྱལ་སྒྲོལ་ལས་སྒོ་རྒྱ་སྐྱེད་གཏོང་བའི་གལ་ཆེའི་ཚད་བརྒལ་ཞིག་ཡིན་པ་དང་བོད་ལྗོངས་ས་ཁུལ་གྱི་ཁྲོམ་རར་གསོན་ཤུགས་གསར་པ་བསྣན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་མཁའ་འགྲུལ་ཀུང་སི་དང་ལྷ་ས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གསར་སྤེལ་མ་འཇོག་ཚད་ཡོད་ཀུང་སི་གཉིས་ཀྱིས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་དང་ཕྱོགས་གཉིས་པོས་མཁའ་འགྲུལ་དྲ་རྒྱ་དང་ཁྲལ་སྲུང་སྲིད་ཇུས་ཀྱི་ལེགས་ཆ་བསྡུ་སྒྲིལ་བྱས་ཏེ“གཞུང་ཁོངས་ཁེ་ལས་ཀྱི་འཁོར་འབྲེལ་སྟོབས་ཆེར”བཏང་ནས་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་སྤྱིའི(ས་ཁུལ)ཐད་འབྱོར་མཁའ་འགྲུལ་གྱི་ཟོག་འདྲེན་ཞན་ཆ་སེལ་བ་དང་བོད་ཀྱི་ཕྱིར་གཏོང་ནང་འདྲེན་ཚོང་དོན་ཁྲོམ་རའི་གཞི་ཁྱོན་རྒྱ་སྐྱེད་བཏང་ནས་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།