འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་15ཉིན།

༄༅།།“མཚོ་སྔོན་གྱི་རིམ་འདས་རིམ་མཚུངས་མཉམ་འགྲན”འགྲན་བསྡུར་གྱི་ཉིན་ཐོག་མར་ཞིང་ཞོར་ཐོན་རྫས་འགྲེམས་ཚོང་གི་བྲིན་ཚོང་དངུལ་འབོར་སྒོར་ཁྲི་47ལས་བརྒལ་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་15ཉིན། 15:45】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་5ཚེས་12ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། “དྲ་ཐོག་དང་དྲ་ཕྱི་མཉམ་འགུལ་དང་། ཕྱི་ནང་མཐུན་སྦྱོར། དངོས་པོ་དང་སྤྲིན་སྟེགས་དྲ་བའི་གསབ་རེས”བཅས་ཀྱི་ཟུར་ཚད་མང་བའི་བཀོད་ཇུས་བརྒྱུད། “རབ་མཛེས་མཚོ་སྔོན·མཐོ་སྒང་རྐང་རྩེད་སྤོ་ལོ”ཞེས་པའི་རིམ་འདས་རིམ་མཚུངས་མཉམ་འགྲན་གྱི་འགྲན་བསྡུར་གྱི་ཉིན་ཐོག་མར་འགྲན་བསྡུར་གཉེར་ས་དང་དེའི་མཐའ་འཁོར་དུ་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་འགྲེམས་ཁུལ་ཁྱོན་87བཀོད་སྒྲིག་བྱས་ཡོད་པ་དང་། ཁྱད་ལྡན་ཞིང་འབྲོག་ཐོན་རྫས་སྣ་ཁ་200ལྷག་ཙམ་འགྲེམས་སྟོན་དང་བྲིན་ཚོང་བྱས་ཡོད། ཉིན་དེ་རང་དུ་དྲ་ཐོག་དང་དྲ་ཕྱིའི་བྲིན་ཚོང་དངུལ་འབོར་སྒོར་ཁྲི་47ལས་བརྒལ་ནས་འགོ་བཙུགས་མ་ཐག་འབྲས་བཟང་ཐོབ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་མཚོ་སྔོན་གྱི་རིམ་འདས་རིམ་མཚུངས་མཉམ་འགྲན་གྱིས་འགྲན་དོན་གྱི་ཐོན་ཁུངས་དང་མཉམ་འདྲེས་བྱས་ནས་སྤུས་རྟགས་ཁྱབ་གདལ་གཏོང་བའི་ནུས་འབྲས་སྔར་བས་ཟབ་ཏུ་བཏང་ཡོད། མཚོ་སྔོན་གྱི་གྲོང་ཁྱེར(ཀྲོའུ)8ཀྱིས་ཕུལ་བྱུང་ལུས་རྩལ་པ་8བདམས་ནས་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ཀྱི་གཟུགས་བརྙན་ཕོ་ཉ་བྱེད་དུ་བཅུག་པ་དང་། འགྲན་དོན་གྱི་ཤུགས་རྐྱེན་ནུས་པར་བརྟེན་ནས“གནས་མཆོག་མཚོ་སྔོན། མཐོ་སྒང་རྫས་མཆོག”གི་སྤུས་རྟགས་བརྒྱུད་བསྒྲགས་ཀྱི་ཁྱབ་ཁོངས་ཆེ་རུ་གཏོང་བཞིན་ཡོད། ལུས་རྩལ་པའི་ཆས་གོས་དང་ལུས་རྩལ་སྒྲིག་ཆས་སྟེང་དུ་ཞིང་འབྲོག་ཁེ་ལས་ཀྱི་ཚོང་རྟགས་དང་དེའི་ཐོན་རྫས་ཀྱི་མཚོན་རྟགས་སྦྱར་ནས་འགྲན་དོན་གྱི་ཐད་གཏོང་བརྙན་ཤེལ་ནས་ལྟད་མོ་བའི་འདྲེན་བྱེད་ལམ་དུ་ཡང་ཡང་བསྟན་ཏེ་སྤུས་རྟགས་དང་འགྲན་དོན་གྱི་ཚ་རླབས་འཕྱུར་ཚད་མཉམ་འདྲེས་ཟབ་མོ་ཡོང་བར་བྱེད་བཞིན་ཡོད། གཞན་ཡང་། འགྲན་ཁུལ་8ཀྱི་འགྲན་བསྡུར་ཐེངས་56གི་ཁྲོད་དུ་འགྲན་ཐེངས་རེར“གནས་མཆོག་མཚོ་སྔོན། མཐོ་སྒང་རྫས་མཆོག”གི་Aདབྱིབས་ཀྱི་སྤུས་རྟགས་ཀྱི་བརྡ་ཁྱབ་བྱང་བུ་གཉིས་རེ་འགྲན་རའི་ངོགས་གཉིས་སུ་བཏོན་ནས་སྤུས་རྟགས་དྲིལ་བསྒྲགས་བྱེད་ནུས་ཆེ་རུ་གཏོང་རྒྱུ་རེད།

སྐབས་འདིའི་རིམ་འདས་རིམ་མཚུངས་མཉམ་འགྲན་ནི་ལུས་རྩལ་གྱི་རྩལ་འགྲན་ལས་སྟེགས་ཤིག་ཏུ་གྱུར་ཡོད་ལ། མཚོ་སྔོན་གྱི་ཞིང་འབྲོག་ལས་ཀྱི“རིམ་འདས་ཚོང་འདུས”སུ་དེ་བས་གྱུར་ཡོད། ཞིང་ཆེན་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་ལུས་རྩལ་འགྲན་དོན་བརྒྱུད་ཞིང་འབྲོག་ལས་ཀྱི་སྤུས་རྟགས་དྲིལ་བསྒྲགས་དང་དེ་བཞིན་ཞིང་འབྲོག་ཐོན་རྫས་འགྲེམས་ཚོང་གི་གོ་སྐབས་ལ་བརྟེན་ནས་དྲ་ཕྱིར་འགྲེམས་ཚོང་དང་། དྲ་ཐོག་ཏུ་ཁྱབ་གདལ། ཐད་གཏོང་ཟོག་ཚོང་སོགས་ཀྱི་ཐབས་ལམ་བརྒྱུད“འགྲན་དོན་གཅིག”བརྒྱུད“ལས་མང་མཉམ་འདྲེས”ཡོང་བར་བྱེད་པ་དང་། ཞིང་འབྲོག་ཐོན་ལས་འཁོར་འབྲེལ་དང་། འཛད་སྤྱོད་འཁོར་འབྲེལ། རིག་གནས་ཡུལ་སྐོར་འཁོར་འབྲེལ་བཅས་ཀྱི་འགྲེམས་སྟོན་དང་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་གཏོང་བ། “མཚོ་སྔོན་གྱི་རིམ་འདས་རིམ་མཚུངས་མཉམ་འགྲན་འགྲན་བསྡུར་ལ་ལྟ་བ་དང་། མཚོ་སྔོན་གྱི་ཞིང་འབྲོག་ཐོན་ཟོག་ཉོ་བ། མཚོ་སྔོན་དུ་ཡུལ་སྐོར་བྱེད་པ”བཅས་ཀྱི་ཞིང་ལས་དང་། ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས་བཅས་གཞི་གཅིག་ཅན་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་ཞིག་ཆགས་པ་བཅས་བྱས་ནས། མཚོ་སྔོན་གྱི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་བྲིན་ཁ་རྒྱུག་པོ་ཡོང་བར་བྱས་ཏེ་ལྗང་མདོག་སྐྱེ་ལྡན་གྱི་ཞིང་འབྲོག་ཐོན་རྫས་ཐོན་ཁུལ་ལ་སྒུལ་ནུས་གསར་པ་སྣོན་རྒྱུ་རེད། (རིག་རྡོར་དང་ཚེ་ལྷས་སྒྱུར་ཞུས་བྱས)