འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་15ཉིན།

༄༅།།ཞི་ཅིན་ཕིང་གིས་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་15ཉིན། 10:06】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

ཟླ་5ཚེས་13ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་དང་གྲོས་མོལ་གནང་ཞིང་། འདི་ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་དང་ཙུང་ཐུང་ལུའུ་ལཱ་དང་སྐུ་ཟླ་ལུའོ་སང་རེ་ལཱ་ལྷན་བཞུགས་སྐུ་པར་བསྐྱོན་བཞིན་པ།

ཟླ་5ཚེས་13ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་དང་གྲོས་མོལ་གནང་ཞིང་། འདི་ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་དང་ཙུང་ཐུང་ལུའུ་ལཱ་དང་སྐུ་ཟླ་ལུའོ་སང་རེ་ལཱ་ལྷན་བཞུགས་སྐུ་པར་བསྐྱོན་བཞིན་པ།

ཟླ་5ཚེས་13ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཐང་ཆེན་དུ་ལུའུ་ལཱར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ།

ཟླ་5ཚེས་13ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཐང་ཆེན་དུ་ལུའུ་ལཱར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་13ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་དང་གྲོས་མོལ་གནང་བ་རེད།

     ཞི་ཅིན་ཕིང་གིས་གསུངས་དོན། ན་ནིང་ཀྲུང་གོ་དང་པར་ཙིར་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བའི་སྐབས་སུ། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ལག་གདང་སྦྲེལ་ནས་དེ་བས་དྲང་གཞག་གི་འཛམ་གླིང་དང་དེ་བས་རྒྱུན་མཐུད་ཆོག་པའི་སྐར་མའི་གོ་ལའི་ཀྲུང་གོ་དང་པར་ཙིར་གྱི་ལས་དབང་གཅིག་མཐུན་ཚོགས་པར་རིམ་སྤོར་བྱ་རྒྱུར་ཐུན་མོང་ཐོག་ཁྱབ་བསྒྲགས་བྱས་པ་དང་འཐབ་ཇུས་དང་ཐབས་ཇུས་འདིས་ཀྲུང་གོ་དང་པར་ཙིར་གྱི་འབྲེལ་བའི“རྫོགས་ལྡན་ལོ་50”རྗེས་མའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། འགྱུར་ལྡོག་དང་ཟང་ཟིང་མཉམ་འདྲེས་ཀྱི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ། ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་པོས་མིའི་རིགས་ཀྱི་ཡར་ཐོན་ཆེད་ཐེག་པ་ཁུར་ལེན་བྱེད་པ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཆེད་འགན་འཁྲི་སྒྲུབ་པའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་པར་ཙིར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ། ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་སྐུལ་ཁྲིད་བྱེད་དགོས།

     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ཀྲུང་གོ་དང་པར་ཙིར་ཕྱོགས་གཉིས་པོས་གཅིག་ནས་འཐབ་ཇུས་ཀྱི་ཕན་ཚུན་ཡིད་ཆེས་མཐའ་འཁྱོངས་བྱས་ཏེ། ཀྲུང་གོ་དང་པར་ཙིར་གྱི་ལས་དབང་གཅིག་མཐུན་ཚོགས་པའི་རྨང་གཞི་བརྟན་དུ་གཏོང་བ་དང་། ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཁྱོངས་བྱེད་པ། ཕ་རོལ་པོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་པ། རིམ་པ་ཁག་དང་ཕྱོགས་ཡོངས་ཀྱི་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཕྱོགས་གཉིས་པོའི་འབྲེལ་བ་ཡུན་རིང་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་དགོས། གཉིས་ནས་མཉམ་ལས་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་གོ་དང་པར་ཙིར་གྱི་ལས་དབང་གཅིག་མཐུན་ཚོགས་པའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་པར་ཙིར་གྱི་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་ནུས་ལྡན་བྱེད་རྒྱུ་གཏིང་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་པོའི་མཉམ་ལས་ལམ་སྲོལ་ཁག་གི་ནུས་པ་ཡག་པོ་འདོན་པ། རྨང་གཞིའི་སྒྲིག་བཀོད་དང་། ཞིང་ལས། ནུས་རྒྱུ་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ནུས་རྒྱུ་ཕྱོགས་སྒྱུར་དང་། མཁའ་འགྲུལ་མཁའ་སྐྱོད། གྲངས་འཛིན་དཔལ་འབྱོར། མི་ཐབས་རིག་ནུས་སོགས་མཉམ་ལས་ཀྱི་མངའ་ཁོངས་གསར་པ་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལ་བཀྲག་མདངས་འཚེར་ས་དེ་བས་མང་བ་གཏོད་དགོས། གསུམ་ནས་མི་ཆོས་རིག་གནས་ཀྱི་སྤེལ་རེས་མཐའ་འཁྱོངས་བྱས་ཏེ། ཀྲུང་གོ་དང་པར་ཙིར་གྱི་ལས་དབང་གཅིག་མཐུན་ཚོགས་པའི་གསོན་ཤུགས་ཆེ་རུ་གཏོང་བ་དང་། སང་ལོར་གཉེར་རྒྱུ་ཡིན་པའི“ཀྲུང་གོ་དང་པར་ཙིར་གྱི་རིག་གནས་ལོ”གོ་སྐབས་སུ་བཟུང་ནས་རིག་གནས་དང་། སློབ་གསོ། ཡུལ་སྐོར། སྨྱན་སྦྱོར། ས་གནས་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་གཉིས་པོའི་མི་སྣ་འགྲོ་འོང་ལ་སྟབས་བདེ་དེ་བས་མང་བ་སྐྲུན་དགོས། བཞི་ནས་ཕྱོགས་མང་མཉམ་ལས་མཐའ་འཁྱོངས་བྱས་ཏེ་ཀྲུང་གོ་དང་པར་ཙིར་གྱི་ལས་དབང་གཅིག་མཐུན་ཚོགས་པའི་རྒྱུ་སྤུས་ལེགས་སུ་གཏོང་དགོས། སའི་གོ་ལའི་ཤར་ནུབ་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་རྒྱལ་ཁབ་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་དང་། འབོ་གསེར་རྒྱལ་ཁབ། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གླེང་སྟེགས་སོགས་ཕྱོགས་མང་ལམ་སྲོལ་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་ལམ་སྲུང་སྐྱོང་བཅས་བྱས་ནས། ཕྱོགས་རྐྱང་རིང་ལུགས་དང་། སྲུང་སྐྱོང་རིང་ལུགས། བཙན་ཤེད་བྱེད་སྤྱོད་བཅས་ལ་དར་ཆ་གསལ་སྟོན་གྱིས་ངོ་རྒོལ་བྱེད་དགོས།

     ལུའུ་ལཱ་ཡིས་བརྗོད་དོན། པར་ཙིར་དང་ཀྲུང་གོས་ཕན་ཚུན་བརྩི་འཇོག་དང་བདེ་སྡུག་མཉམ་མྱོང་བྱས་པས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྡོ་རྗེ་བྲག་ལྟར་བརྟན་པ་དང་། ཕྱི་རོལ་གྱི་རྒྱུ་རྐྱེན་གང་རུང་ཞིག་གིས་འགོག་རྐྱེན་དང་གཏོར་བཤིག་གཏོང་མི་ཐུབ། རྒྱལ་ཁབ་ཆེན་པོ་གཞན་དག་དང་མི་འདྲ་བར་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་པར་ཙིར་ཚུད་པའི་ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལྷག་བསམ་རྣམ་དག་ངང་རྒྱབ་སྐྱོར་དང་རོགས་རམ་བྱེད་ཀྱི་ཡོད། པར་ཙིར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འཐབ་ཇུས་མཉམ་ལས་ཟབ་ཏུ་གཏོང་བ་དང་། པར་ཙིར་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ། དེ་བས་དྲང་གཞག་དང་། ཞི་བདེ། དར་རྒྱས་བཅས་ཀྱི་འཛམ་གླིང་འཛུགས་སྐྲུན་བཅས་བྱས་ཏེ་རྒྱལ་ཁབ་ཁག་ལ་མིག་དཔེ་གཏོད་འདོད་ཡོད། པར་ཙིར་ཕྱོགས་ཀྱིས་རང་ངོས་འཕེལ་རྒྱས་འཐབ་ཇུས་དེ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་སྦྲེལ་མཐུད་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་། རྨང་གཞིའི་སྒྲིག་བཀོད། འཇིག་རྟེན་འཕུར་སྐྱོད། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད་ལ། གཞོན་ནུ་དང་རིག་གནས་སྤེལ་རེས་རྒྱ་ཆེར་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་འགྲོ་འོང་དང་མཛའ་བརྩེ་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོའི་དབུལ་སྒྲོལ་གྲུབ་འབྲས་ལ་མི་རྣམས་ཀྱིས་ཡིད་སྨོན་ཆེན་པོ་བྱེད་པ་དང་པར་ཙིར་གྱིས་ཀྲུང་གོའི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས་མི་དེ་བས་མང་བ་དབུལ་ཕོངས་དང་བཀྲེས་ལྟོགས་ཀྱི་གནས་ལས་སྒྲོལ་ཐུབ་པ་བྱེད་འདོད་ཡོད།

     རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ད་དུང་ཡུག་རེན་གྱི་ཉམས་ཉེན་ཐད་དགོངས་འཆར་བརྗེ་རེས་གནང་སྟེ། ཞི་བདེར་དགའ་ཞེན་བྱེད་མཁན་གྱི་ཡར་ཐོན་སྟོབས་ཤུགས་ཤིག་ཡིན་པའི་ངོས་ནས། ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་ཀྱིས་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས“ཞི་བདེའི་གྲོགས་པོའི”ཚོགས་ཆུང་གི་ནུས་པ་འདོན་པ་དང་། ཨུ་རུ་སུ་དང་ཡུག་རེན་དབར་ཐད་ཀར་སྐད་ཆ་ཤོད་རེས་བྱེད་འགོ་འཛུགས་པར་རྒྱབ་སྐྱོར་བྱས་ཏེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་མཉམ་དུ་ཉམས་ཉེན་ཐག་གཅོད་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད།

    གྲོས་མོལ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་དང་། ཚན་རྩལ། ཞིང་ལས། གྲངས་འཛིན་དཔལ་འབྱོར། དངུལ་རྩ། རིམས་ནད་ཞིབ་བཤེར་དང་བརྟག་དཔྱད། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་ཁག་20ལ་མཚན་རྟགས་བཀོད་པར་ལྷན་དུ་དཔང་པོ་གནང་བ་རེད།

    རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་ལྷན་དུ་གསར་འགོད་པ་དང་མཇལ་འཕྲད་གནང་བ་རེད།