འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་15ཉིན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས།

༄༅།།《དུས་རབས་གསར་པའི་ཀྲུང་གོའི་རྒྱལ་ཁབ་ཀྱི་བདེ་འཇགས》 ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཀྲམ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་15ཉིན། 10:04】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་12ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《དུས་རབས་གསར་པའི་ཀྲུང་གོའི་རྒྱལ་ཁབ་ཀྱི་བདེ་འཇགས》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཀྲམ་པ་དེའི་དམིགས་ཡུལ་ནི་དུས་རབས་གསར་པའི་ཀྲུང་གོའི་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་གྱི་གསར་གཏོད་འདུ་ཤེས་དང་། གསོན་ཉམས་ལྡན་པའི་ལག་ལེན། འཛུགས་སྐྲུན་གྲུབ་འབྲས་བཅས་ལ་ཕྱོགས་ཡོངས་ནས་གསལ་འགྲེལ་བྱས་ཏེ་ཀྲུང་གོའི་རྒྱལ་ཁབ་ཀྱི་བདེ་འཇགས་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངེས་ཤེས་དང་ཤེས་རྟོགས་ཟབ་ཏུ་གཏོང་ཆེད་རེད།

     རྒྱབ་ཤ་དཀར་པོའི་དེབ་ལ་གླེང་གཞི་དང་མཇུག་བསྡུའི་གཏམ་ཕུད་ཆ་ཤས་དྲུག་ཏུ་དབྱེ་ཡོད་ཅིང་། དེ་དག་ནི་ཀྲུང་གོས་འགྱུར་ལྡོག་དང་ཟང་ཟིང་མཉམ་གནས་ཀྱི་འཛམ་གླིང་ལ་གཏན་འཁེལ་རང་བཞིན་དང་བརྟན་ལྷིང་རང་བཞིན་བསྣན་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་ནི་དུས་རབས་གསར་པའི་རྒྱལ་ཁབ་བདེ་འཇགས་ཀྱི་མཛུབ་ཁྲིད་ཁ་ཕྱོགས་ཡིན་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་འདེགས་སྐྱོར་བརྟན་པོ་བྱས་པ། འཕེལ་རྒྱས་ཁྲོད་བདེ་འཇགས་སྲ་བརྟན་དང་བདེ་འཇགས་ཁྲོད་འཕེལ་རྒྱས་དོན་གཉེར་བྱས་པ། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་ལག་ལེན་བསྟར་ནས་རྒྱལ་སྤྱིའི་ཐུན་མོང་གི་བདེ་འཇགས་ལ་སྐུལ་འདེད་བཏང་བ། སྒྱུར་བཅོས་ཟབ་གཏོང་ཁྲོད་རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བཏང་བ་བཅས་རེད།

    རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། ཀྲུང་གོས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་སྤྱི་འདོམས་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དུས་བབ་སྤྱི་ཡོངས་ནས་བརྟན་ལྷིང་དང་བརྟན་ཁྲོད་ཡར་རྒྱས་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རྒྱལ་ཁབ་དང་མཉམ་དུ་ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་སྲུང་སྐྱོང་བྱས་ནས་ཡོ་ལང་ཆེ་བའི་འཛམ་གླིང་ལ་བློས་འགེལ་ཆོག་པའི་བརྟན་ལྷིང་རང་བཞིན་མཁོ་འདོན་བྱས་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་ངོ་སྤྲོད་བྱས་དོན། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་མཛུབ་ཁྲིད་བསམ་བློར་གཏན་འཁེལ་བྱས་པའི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང་པོ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན། དེང་རབས་ཀྲུང་གོས་འཛམ་གླིང་ལ་ཕུལ་བའི་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་ལེགས་སྐྱེས་གལ་ཆེན་བཅས་རེད། དུས་རབས་གསར་པའི་ཀྲུང་གོའི་རྒྱལ་ཁབ་ཀྱི་བདེ་འཇཌ་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་བགྲོད་ལམ་མཐའ་འཁྱོངས་བྱས་པ་དེ་ནི་སྤྱི་ཡོངས་དང་། ཆ་ལག་ཚང་བ། བལྟོས་བཅས་བཅས་ཀྱི་བདེ་འཇགས་ཆེན་པོ་ཞིག་དང་། མི་དམངས་ཀྱི་བདེ་འཇགས་དམིགས་ཡུལ་དང་། ཆབ་སྲིད་ཀྱི་བདེ་འཇཌ་རྩ་བར་འཛིན་པ། རྒྱལ་ཁབ་ཀྱི་ཁེ་ཕན་ཚད་གཞིར་འཛིན་པ་བཅས་ཀྱི་བདེ་འཇགས་ཤིག སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་སྐུལ་འདེད་གཏོང་བའི་བདེ་འཇགས་ཤིག དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཞིགས་ནས་འགུལ་རྣམ་ལེགས་སྒྲིག་བྱས་པའི་བདེ་འཇགས་ཤིག ཆུ་ཚད་མཐོ་བའི་སྒོ་དབྱེ་སྔར་བས་རྒྱ་ཆེར་གཏོང་རྒྱུར་འདེཌ་སྐྱོར་བྱེད་པའི་བདེ་འཇགས་ཤིག ཁྲིམས་སྐྱོང་སྲོལ་ལམ་ཐོག་ཚད་ལྡན་ངང་འཁོར་རྒྱུག་བྱེད་པའི་བདེ་འཇགས་ཤིག་བཅས་རེད།

    རྒྱབ་ཤ་དཀར་པོའི་དེབ་ནང་ནན་བཤད་བྱས་དོན། ཀྲུང་གོའི་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱིས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་འགན་འཁྲི་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་སྲིད་སྐྱོང་གནས་བབ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲུང་སྐྱོང་དང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་མཐོ་རུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱེད་པ། རྒྱལ་ཁབ་ཀྱི་མངའ་ཁོངས་ཆ་ཚང་དང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་བྱེད་པ། གསར་དར་ཁྱབ་ཁོངས་བདེ་འཇགས་ལྡན་པ་དང་བློས་འགེལ་ཆོག་པའི་འགན་ལེན་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་ཆེད་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོ་བསྐྲུན་རྒྱུ་རེད།

    རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་ནི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི“བདེ་འཇགས་ལེའུ”རེད་ལ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི“འཛམ་གླིང་གི་ལེའུ”ཡང་རེད། ཀྲུང་གོས་རང་ངོས་ཀྱི་བདེ་འཇགས་དང་ཐུན་མོང་གི་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ་གོ་ལ་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་འདོད་ཚུལ་བཏོན་པ་དང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་ལག་ལེན་བསྟར་བ། ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་བཅས་བྱས་ཏེ་གོ་ལ་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་མ་ལག་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕོ་འགྱུར་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད།