འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་14ཉིན།

༄༅།།པེ་ཅིན་ལ་སེར་པ་ཆེན་པོ་བབས་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་14ཉིན། 16:59】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཟླ་5ཚེས་13ཉིན་གྱི་ཆུ་ཚོད་16ནས་20བར་པེ་ཅིན་གྲོང་ཁྱེར་གྱི་ཁྲང་ཕིང་དང་། ཧོའེ་རོའུ། ཧྲུན་དབྱི། ཡན་ཆིན། ཧའེ་ཏེན། ཧྲི་ཅིན་ཧྲན། མོན་ཐོའུ་ཀོའུ་སོགས་ས་ཁུལ་ཁག་ཅིག་ཏུ་རིམ་པ་8ཡས་མས་ཀྱི་དུས་ཐུང་རླུང་ཆེན་ལྡང་བ་དང་སེར་བ་བབས་ཡོད།

འདྲ་པར་ལས་མངོན་པ་ལྟར་ན། ཆེ་ཆུང་ལི་སྨི་4ལས་བརྒལ་བའི་སེར་བ་བབས་པ་དང་། སེར་བ་ཁག་ཅིག་སྒོ་ངའི་ཆེ་ཆུང་ཡོད།

པེ་ཅིན་གནམ་གཤིས་ལས་ཁུངས་ཀྱིས། མིག་སྔར་དྲག་རླབས་ཤར་ལྷོའི་ཕྱོགས་སུ་སྤོ་འགུལ་བྱེད་བཞིན་ཡོད་པས། ཧྥེང་ཐའེ་དང་། ཏ་ཞིན། ཐུང་ཀྲོའུ་དང་ལྟེ་བའི་གྲོང་ཁུལ་བཅས་ཀྱི་གྲོགས་པོ་ཚོ་ཕྱིར་སྐྱོད་སྐབས་སེར་བ་འགོག་པ་དང་ཐོག་གློག་འགོག་པར་དོ་སྣང་བྱེད་དགོས་པ་མ་ཟད། སེར་བའི་གནོད་པ་ཐེབས་སླ་བའི་ཕྱི་རོལ་གྱི་དངོས་རྫས་བཀོད་སྒྲིག་འོས་འཚམ་བྱེད་དགོས་པའི་དྲན་སྐུལ་བྱས།