འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་14ཉིན།

༄༅།།ཟླ་རྗེས་མར་ཁྱེད་ཀྱི་གླ་ཕོཊ་ཇེ་མང་དུ་འགྲོ་སྲིད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་14ཉིན། 16:57】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

གཟའ་འཁོར་འདིར་ཧོང་ཧོའེ་དབུས་ནུབ་རྒྱུད་དང་། ཧྭ་བྱང་གི་ལྷོ་རྒྱུད། ཧྲའན་ཞིའི་ཀོན་ཀྲུང་སོགས་ས་ཁུལ་དུ་དྲོད་ཚད་མཐོ་བའི་གནམ་གཤིས་བསྟན་རྒྱུ་རེད། 16ནས་ཚེས་17ཉིན་བར། ཧོ་པེ་དང་། ཧོ་ནན། ཧྲན་ཞི། ཧྲའན་ཞི། ཧྲན་ཏུང་སོགས་ས་ཁུལ་དུ་ཁྱབ་ཁོངས་ཅུང་ཆེ་བའི་35℃དང་དེའི་ཡན་གྱི་དྲོད་ཚད་མཐོ་བའི་གནམ་གཤིས་བསྟན་རྒྱུ་ཡིན་ཞིང་། ས་ཁུལ་ཁག་ཅིག་ཏུ་དྲོད་ཚད་37℃ཡན་ཟིན་པ་དང་ཐ་ན་40℃ལ་ཉེ་བའམ་ཡང་ན་སླེབས་རྒྱུ་རེད།

དྲོད་ཚད་རྒྱུན་མཐུད་དུ་ཇེ་མཐོར་སོང་བ་དང་བསྟུན་ནས། ཁྱོད་ཀྱི་གླ་ཕོགས་བྱང་བུའི་ནང་སྒོར་མོ་ལྷག་མ་ཞིག་འབྱོར་སྲིད། ཟླ་རྗེས་མ་ནས་བཟུང་སྤྲོད་པའི་དྲོད་ཚད་མཐོ་བའི་ཕོགས་སྣོན་མི་གང་དག་གིས་ལེན་ཆོག་གམ། མཉམ་དུ་རྒྱུས་ལོན་བྱ།↓↓

དྲོད་ཚད་མཐོ་བའི་ཕོགས་སྣོན་སྐོར།

《དབྱར་དུས་ཚ་བ་འགོག་པ་དང་དྲོད་ཚད་དམའ་རུ་གཏོང་ཐབས་ཀྱི་དོ་དམ་བྱེད་ཐབས》ཀྱི་དོན་ཚན་བཅུ་བདུན་པའི་གཏན་འབེབས་གཞིར་བཟུང་ན། ངལ་རྩོལ་པས་དྲོད་ཚད་མཐོ་བའི་ལས་ཀ་བྱས་ན་ཁྲིམས་ལྟར་ལས་གནས་ཀྱི་ཕོགས་སྣོན་ལོངས་སུ་སྤྱོད་རྒྱུ་ཡོད།

མི་སྤྱོད་ཚན་པས་ངལ་རྩོལ་པ་35℃ཡན་གྱི་དྲོད་ཚད་མཐོ་བའི་གནམ་གཤིས་ནང་ཁང་ཕྱིའི་མཐོངས་ཡངས་སུ་ལས་ཀ་བྱེད་དུ་བཅུག་པ་དང་། དེ་བཞིན་བྱེད་ཐབས་ནུས་ལྡན་སྤྱད་དེ་ལས་ཡུལ་གྱི་དྲོད་ཚད་33℃མན་བར་དམའ་རུ་གཏོང་མི་ཐུབ་ཚེ། ངལ་རྩོལ་པར་དྲོད་ཚད་མཐོ་བའི་ཕོགས་སྣོན་སྤྲོད་དགོས་པ་མ་ཟད་དེ་གླ་ཕོགས་བསྡོམས་འབོར་ནང་འཇུག་དགོས།

དེའང་གསལ་པོར་བཤད་ན། དྲོད་ཚད་མཐོ་བའི་ཕྱི་རོལ་དུ་ལས་ཀ་བྱེད་སྐབས་དྲོད་ཚད་མཐོ་བའི་ཕོགས་སྣོན་ལོངས་སུ་སྤྱོད་རྒྱུ་ཡོད་པ་ཕུད། མཐོངས་ཡངས་མིན་པའི་ལས་ཀ་བྱེད་མཁན་ངལ་རྩོལ་པར་གལ་ཏེ་མི་སྤྱོད་ཚན་པས་བྱེད་ཐབས་ནུས་ལྡན་སྤྱད་དེ་ལས་ཀ་བྱ་ཡུལ་གྱི་དྲོད་ཚད་33℃མན་དུ་གཅོག་མ་ཐུབ་ཚེ། དྲོད་ཚད་མཐོ་བའི་ཕོགས་སྣོན་ལོངས་སུ་སྤྱོད་རྒྱུ་ཡོད།

མིག་སྔར། ཞིང་ཆེན་31གི་དྲོད་ཚད་མཐོ་བའི་ཕོགས་སྣོན་གྱི་ཚད་གཞི་དེ་སྒོར་100ནས་300བར་ཡིན་པ་རེད།