གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་14ཉིན། 16:55】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་5ཚེས་13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཁཱ་ཉི་ལ་གློག་འཕྲིན་བཏང་ནས་ཁོང་གིས་ཁ་ན་ཏའི་ཙུང་ལིའི་འགན་བཞེས་པར་རྟེན་འབྲེལ་ཞུས་པ་རེད།
ལི་ཆང་གིས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཁ་ན་ཏའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད། ངས་ཙུང་ལི་ཁཱ་ཉི་དང་མཉམ་དུ་འབད་བརྩོན་བྱས་ཏེ་ད་ལོ་ཀྲུང་གོ་དང་ཁ་ན་ཏའི་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་55འཁོར་བ་དང་། འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་20འཁོར་བ་གོ་སྐབས་སུ་བཟུང་སྟེ་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག ཀྲུང་གོ་དང་ཁ་ན་ཏའི་བར་གྱི་འབྲེལ་བ་ལེགས་བཅོས་དང་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་བྱེད་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལྷག་པ་བསྐྲུན་འདོད་ཡོད་ཅེས་གསུངས།