འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་14ཉིན།

༄༅།།ཀྲུང་གོའི་ཀྲུང་ཁྲེས་མཚོ་སྔོན་དུ་བཟོ་སྐྲུན་བྱས་པའི་ས་མཐོའི་རླུང་གློག་འཕྲུལ་ཚན་ཐོག་མ་གཏེར་ལེན་ཁར་ལེགས་གྲུབ་བྱུང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་14ཉིན། 16:53】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་5ཚེས་11ཉིན་ཀྲུང་གོའི་ཀྲུང་ཁྲེས་མཚོ་སྔོན་དུ་བཟོ་སྐྲུན་བྱས་པའི་ས་བབ་མཐོ་བའི་ས་ཁུལ་དུ་སྤྱོད་པའི་ས་མཐོའི་རླུང་གློག་འཕྲུལ་ཚན་ཐོག་མ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཀྲུང་གོའི་ཀྲུང་ཁྲེའི་གཏེར་ལེན་ཁ་ནུས་རྒྱུ་གསར་པའི་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་གླིང་དུ་བདེ་བླག་ངང་ལེགས་གྲུབ་བྱུང་བ་དེ་ཐོག་ནས་མིག་སྔར་ནུབ་རྒྱུད་ས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་དང་ཐོན་ལས་ཆ་ཚང་ཤོས་ཀྱི“རླུང་འོད་ཆིང་གསོག”གཞི་གཅིག་ཅན་གྱི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མཚོན་པ་མ་ཟད། ནུས་རྒྱུ་གཙང་མའི་སྒྲིག་ཆས“མཚོ་སྔོན་ལ་ཡོད་པ་དང་། མཚོ་སྔོན་གྱིས་བཟོ་སྐྲུན། མཚོ་སྔོན་གྱིས་སྤྱོད་པའི”དམིགས་ཚད་མངོན་འགྱུར་བྱུང་བའང་མཚོན་གྱི་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ལེགས་གྲུབ་བྱུང་བའི་ས་མཐོའི་རླུང་གློག་འཕྲུལ་ཚན་དང་ཐོན་སྐྱེད་འབོར་ཆེན་བྱེད་བཞིན་པའི་5.XMWhནུས་གསོག་མ་ལག་ཚང་མ་ཀྲུང་གོའི་ཀྲུང་ཁྲེས་ས་མཐོའི་དམིགས་བསལ་ཉེར་སྤྱོད་ཁོར་ཡུག་ལ་དམིཌ་ནས་ཞིབ་འཇུག་གསར་སྤེལ་དང་ཇུས་འགོད་ཞིབ་ཚགས་བྱས་པ་ཞིག་ཡིན་ཞིང་། དེ་དག་ས་བབ་མཐོ་བ་དང་། རྒྱུག་ཤུགས་ཆེ་བ། འགྱེད་འཕྲོ་ཆེ་བ། བྱེ་རླུང་མང་བ། དྲོད་ཚད་དམའ་བ། རླུང་གནོན་དམའ་བ་སོགས་ཆ་རྐྱེན་ཧ་ཅང་ཞན་པའི་འོག་བདེ་འཇགས་དང་ཕན་ནུས་ཆེ་ཞིང་བརྟན་བརླིང་ངང་འཁོར་སྐྱོད་རྒྱུན་འཁྱོངས་ཐུབ་ཀྱི་ཡོད་པས། ས་མཐོའི་ས་ཁུལ་གྱི་ནུས་རྒྱུ་གཙང་མའི་གསར་སྤེལ་འགན་ལེན་བརྟན་པོ་ཐུབ་ཡོད།

མིག་སྔའི་བར་ཀྲུང་གོའི་ཀྲུང་ཁྲེའི་གཏེར་ལེན་ཁ་ནུས་རྒྱུ་གསར་པའི་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་གླིང་གི་དུས་ཐེངས་དང་པོར་ནུས་གསོག་མ་ལག་དང་རླུང་གློག་འཕྲུལ་འཁོར་ཧྲིལ་པོའི་བཟོ་སྐྲུན་འཁོར་ཁང་བསྐྲུན་ཟིན་པ་དང་། གོམ་སྟབས་རྗེས་མར་ཐོན་ལས་གླིང་གིས་ཐོན་ལས་འཁོར་འབྲེལ་གྱི་བཀོད་པ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། རླུང་གློག་འདབ་ལྷེ་དང་། རླུང་གློག་ཐོ་ལྕོག གློག་རླངས་སྒྲིག་ཆས་སོགས་ཀྱི་འབྲེལ་ཡོད་ཐོན་ལས་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་འཛུགས་སྐྲུནབྱེད་རྒྱུ་རེད།

(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། བསོད་བདེ་ཆེ་བས་ཞུས)