འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་14ཉིན།

༄༅།།མཚོ་སྔོན་གྱིས་ཁེ་ལས་དང་འབྲེལ་བའི་སྐྱེ་ཁམས་ཁོར་ཡུག་གི་སྲིད་འཛིན་ཁྲིམས་སྒྱུར་ཚད་ལྡན་དུ་གཏོང་བའི་གཅིག་སྡུད་བཅོས་སྒྲིག་བྱ་སྤྱོད་སྤེལ་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་14ཉིན། 16:51】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་དུ་བཅའ་སྡོད་ཞིང་ཆེན་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚོགས་ཆུང་གིས་ཞིང་ཆེན་དེ་ཡོངས་ཀྱི་ཁེ་ལས་དང་འབྲེལ་བའི་སྐྱེ་ཁམས་ཁོར་ཡུག་གི་སྲིད་འཛིན་ཁྲིམས་སྒྱུར་ཚད་ལྡན་དུ་གཏོང་བའི་གཅིག་སྡུད་བཅོས་སྒྲིག་ཆེད་དོན་བྱ་སྤྱོད་ཀྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་མཉམ་དུ་འཚོགས་ཤིང་། མཚོ་སྔོན་གྱིས་ཁེ་ལས་དང་འབྲེལ་བའི་སྐྱེ་ཁམས་ཁོར་ཡུག་གི་སྲིད་འཛིན་ཁྲིམས་སྒྱུར་ཐད་ཀྱི་གནད་དོན་མངོན་གསལ་དོད་རིགས་ཕྱོགས་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་བྱས་ནས། གཅིག་སྡུད་བཅོས་སྒྲིག་བྱ་སྤྱོད་ལ་ཕན་འབྲས་དངོས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

མཚོ་སྔོན་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས་སྒྲིག་འཛུགས་དང་སྐུལ་འདེད་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཡོངས་ནས་གནད་དོན་གྲལ་བཤེར་དང་། རིགས་དབྱེ་ནས་ཇུས་འདོན་ཡོ་བཅོས། བཅའ་ཁྲིམས་དང་སྒྲིག་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད། རྗེས་བསྙེགས་ཀྱིས་ཕན་འབྲས་བདའ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། གཅིག་སྡུད་བཅོས་སྒྲིག་ལས་དོན་ལ་ཕན་འབྲས་ཏན་ཏིག་ཐོབ་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་ཞིང་། “ཞིང་ཆེན་གྱིས་སྤྱིའི་འགན་འཁྲི་འཁུར་རྒྱུ་དང་། གྲོང་ཁྱེར་དང་རྫོང་གིས་གཙོ་བོར་དམ་འཛིན་བྱ་རྒྱུ”“ཞིབ་བཤེར་དང་། དག་ཐེར། བཅོས་སྒྲིག”བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས། ལས་འགན་ལ་དམིགས་ཏེ་དོན་འཁྱོལ་དམ་འཛིན་བྱེད་པ་དང་། ཞན་ཆ་གནད་འཁེལ་བཙལ་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ། དམིགས་ཡུལ་ལ་གཞིགས་ནས་ཕན་འབྲས་ཐོན་པ་བཅས་བྱེད་དགོས། དེ་དང་ཆབས་ཅིག སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གཉིས་དང་འབྲེལ་མཐུད་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས“ཁྲིམས་འཛིན་འགན་ལེན་དང་། སྒྲིག་བཤེར་ལྟ་སྐུལ། སྐྱེ་ཁམས་ལག་བསྟར”བཅས་ཀྱི་ལས་ཀའི་གདུབ་ཟུམ་ཆགས་པར་བྱ་རྒྱུ་ཡིན་པ་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། སྐལ་བཟང་མཆོག་སྐྱིད་ཀྱིས་ཞུས)