གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་14ཉིན། 10:58】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
2025ལོའི་ཟླ་4པའི་ཟླ་མཇུག་བར། 2024ལོའི་ལོ་འཁོར་གྱི་དུས་ཚིགས་ཡག་ཤོས་སུ་སྟོན་འབྲུ་ཉོ་སྒྲུབ་བྱེད་རྒྱུ་ལེགས་གྲུབ་བྱུང་བ་དང་། རིམ་རྩིས་བརྒྱབ་ན། སྟོན་འབྲུ་ཏུན་དུང་ཕྱུར་3.45ཉོ་སྒྲུབ་བྱས་པ་དེ་ཉེ་བའི་ལོའི་རིང་གི་ཆུ་ཚད་ལས་ཅུང་མཐོ་བ་ཡོད།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2025ལོའི་ཟླ་4པའི་ཟླ་མཇུག་བར། 2024ལོའི་ལོ་འཁོར་གྱི་དུས་ཚིགས་ཡག་ཤོས་སུ་སྟོན་འབྲུ་ཉོ་སྒྲུབ་བྱེད་རྒྱུ་ལེགས་གྲུབ་བྱུང་བ་དང་། རིམ་རྩིས་བརྒྱབ་ན། སྟོན་འབྲུ་ཏུན་དུང་ཕྱུར་3.45ཉོ་སྒྲུབ་བྱས་པ་དེ་ཉེ་བའི་ལོའི་རིང་གི་ཆུ་ཚད་ལས་ཅུང་མཐོ་བ་ཡོད་པ་རེད།
སྟོན་འབྲུ་ཁྲོམ་རར་བཏོན་རྗེས། རྒྱལ་ཁབ་འབྲེལ་ཡོད་སྡེ་ཚན་གྱིས་ཁྲོམ་ར་ཅན་གྱི་ཉོ་སྒྲུབ་དང་སྲིད་ཇུས་རང་བཞིན་གྱི་ཉོ་སྒྲུབ་གསོག་འཇོག་སྤྱི་འདོམས་སུ་བྱེད་པ་དང་། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཁྲོམ་རའི་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་ལ་ཤུགས་སྣོན་རྒྱག་པ། སྔོན་དཔག་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་ཞིང་པའི་འབྲུ་རིགས་འཚོང་བའི་ཐབས་ལམ་མང་དུ་གཏོང་བ་བཅས་བྱས་པས། སྟོན་འབྲུ་ཉོ་སྒྲུབ་ཀྱི་ཁྲོམ་ར་འཁྲུག་ཏུ་ཕྱིན་པ་དང་། ཉོ་སྒྲུབ་བྱེད་མགྱོགས་པ། རིན་གོང་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བ་བཅས་བྱུང་ཡོད།
རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་འབྲུ་རིགས་གསོག་འཇོག་སིའི་སི་ཀྲང་ལུའོ་ཧྲོའུ་ཆོན་གྱིས། རྒྱལ་ཁབ་འབྲེལ་ཡོད་སྡེ་ཚན་གྱིས་དུས་ཐོག་ཏུ་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་ཞིབ་འཇུག་བྱས་ནས་བཏོན་ཏེ། གསོག་ཉར་བྱེད་ཤུགས་ཆེ་རུ་དང་ཁྲོམ་རའི་གདེང་ཚོད་འཕེལ་བར་བྱས་ནས་འབྲུ་རིགས་ཀྱི་རིན་གོང་བརྟན་པོའི་ངང་འཕར་བར་སྐུལ་འདེད་བཏང་ཡོད། སྟོན་འབྲུ་ཉོ་སྒྲུབ་བྱེད་པའི་མྱུར་ཚད་ན་ནིང་ལས་མགྱོགས་ཤིང་། སྣ་ཁ་དབྱེ་ནས་བལྟས་ཚེ་བར་སྨིན་དང་ཕྱི་སྨིན་ཆུ་འབྲས་ཉོ་སྒྲུབ་བྱེད་ཚད་ཏུན་ཁྲི་6000ཟིན་པ་དང་ཆུ་འབྲས་ཏུན་ཁྲི་4500དང་། མ་རྨོས་ལོ་ཏོག་ཏུན་དུང་ཕྱུར་2.27 སྲན་ཆེན་ཏུན་ཁྲི་1300བཅས་ཉོ་སྒྲུབ་བྱས་ཡོད་ཅེས་བཤད།
ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་གྱི་སྟོན་འབྲུ་ཉོ་སྒྲུབ་ནང་བར་སྨིན་དང་ཕྱི་སྨིན་ཆུ་འབྲས་དང་། མ་རྨོས་ལོ་ཏོག སྲན་ཆེན་བཅས་ཚུད་ཡོད་པ་དང་། ཉོ་སྒྲུབ་དུས་ཚོད་ཡག་ཤོས་ལོ་དེའི་ཟླ་9པའི་ཟླ་དཀྱིལ་དང་ཟླ་སྨད་ནས་འགོ་བཙུགས་ཏེ་ཕྱི་ལོའི་ཟླ་4པའི་ཟླ་མཇུག་ཏུ་མཇུག་འགྲིལ་གྱི་ཡོད། སྟོན་འབྲུ་ཉོ་སྒྲུབ་ཀྱིས་ལོ་ཧྲིལ་པོའི་འབྲུ་རིགས་ཉོ་སྒྲུབ་བྱེད་ཚད་ཀྱི་3/4ཡས་མས་བཟུང་བ་དང་། སྣ་ཁ་མང་བ་དང་། ཁྱབ་རྒྱ་ཆེ་བ། གྲངས་འབོར་མང་བ་བཅས་ནི་ལོ་ཧྲིལ་པོའི་འབྲུ་རིགས་ཉོ་སྒྲུབ་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེན་ཞིག་རེད།
མིག་སྔར། དབྱར་འབྲུ་ཐོན་སྐྱེད་སྤྱིར་ན་ཅུང་ལེགས་པོ་ཡོད་པ་དང་གྲོ་དང་པད་ཁ་ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་གཅིག་རྗེས་གཉིས་མཐུད་ངང་བསྡུ་ལེན་བྱས་ནས་ཁྲོམ་རར་འདོན་གྱི་ཡོད་པ་དང་། དབྱར་འབྲུ་ཉོ་སྒྲུབ་ཀྱི་གྲ་སྒྲིག་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།