འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་14ཉིན།

༄༅།།ན་ནིང་པེ་ཅིང་འཛིན་ལོར་ཉོ་ཚོང་ཁང་གི་ཁྲོམ་ཞུགས་ཀུང་སི་བཅུ་ཆ་བརྒྱད་ལྷག་ཙམ་ལ་ཁེ་སྤོགས་བྱུང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་14ཉིན། 10:52】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་པེ་ཅིང་འཛིན་ལོར་ཉོ་ཚོང་ཁང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2024ལོར་པེ་ཅིང་འཛིན་ལོར་ཉོ་ཚོང་ཁང་གི་ཁྲོམ་ཞུགས་ཀུང་སིའི་གཉེར་སྐྱོང་གྲུབ་འབྲས་བརྟན་པོའི་ངང་རྒྱུན་འཁྱོངས་ཐུབ་ནས་ཀུང་སི་བཅུ་ཆ་བརྒྱད་ལྷག་ཙམ་ལ་ཁེ་སྤོགས་བྱུང་ཡོད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཟླ་4ཚེས་30ཉིན་བར་པེ་ཅིང་འཛིན་ལོར་ཉོ་ཚོང་ཁང་གི་ཁྲོམ་ཞུགས་ཀུང་སི་265ཚང་མས་2024ལོའི་ལོ་འཁོར་སྙན་ཞུ་ཁྱབ་བསྒྲགས་བྱས་ཡོད། པེ་ཅིང་འཛིན་ལོར་ཉོ་ཚོང་ཁང་གིས། རྙོག་འཛིང་ཆེ་ལ་འགྱུར་ལྡོག་ཡང་ཆེ་བའི་ཕྱི་རོལ་ཁོར་ཡུག་གི་མདུན་དུ་པེ་ཅིང་འཛིན་ལོར་ཉོ་ཚོང་ཁང་གི་ཁྲོམ་ཞུགས་ཀུང་སི་ཁག་གིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་དང་སྤུས་འབྲས་ལེགས་གཉེར་རྒྱུན་མཐུད་བྱས་པས་གཉེར་སྐྱོང་གི་གདིང་གཞི་བརྟན་པོ་བྱུང་བ་མ་ཟད། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་ཁྲོད་གསར་གཏོད་རྣམ་པའི་ཁེ་ལས་འབྲིང་ཆུང་གི་འགག་རྩའི་ནུས་པ་བཏོན་ཡོད་ཅེས་བཤད།

    པེ་ཅིང་འཛིན་ལོར་ཉོ་ཚོང་ཁང་གི་ཁྲོམ་ཞུགས་ཀུང་སིའི་གྲས་སུ་ཁེ་ལས་འབྲིང་ཆུང་གིས་བཟུང་བའི་བསྡུར་ཚད་བཅུ་ཆ་བརྒྱད་ཙམ་ཟིན་པ་དང་། 2024ལོར་ཁྱོན་བསྡོམས་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་1047.80ཟིན་པ་དེ་དུས་མཚུངས་ལས་6.76%འཕར་བ། ཚོང་གཉེར་ཡོང་འབབ་ཀྱི་གཞི་ཁྱོན་ལོ་ལྔ་བསྟུད་མར་འཕར་ཡོད། དེའི་ནང་ཀུང་སི་20ཁྲོམ་ཞུགས་མ་བྱས་གོང་དང་བསྡུར་ན་ཚོང་གཉེར་ཡོང་འབབ་བམ་ཁེ་སྤོགས་ལྡབ་འཕར་བྱུང་ནས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཅུང་ཆེན་པོ་མངོན་ཡོད།