འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་13ཉིན།

༄༅།།རླངས་འཁོར་རྙིང་ཚབ་གསར་བརྗེ་ཐད་ཀྱི་གནས་ཚུལ་གསར་ཤོས།  

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་13ཉིན། 16:44】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཚོང་དོན་པུའུ་ཡིས་ཟླ་5ཚེས་12ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཟླ་5ཚེས་11ཉིན་བར། 2025ལོར་རླངས་འཁོར་རྙིང་ཚབ་གསར་བརྗེའི་ཁ་གསབ་རེ་ཞུ་བྱེད་ཚད་ཁྲི་322.5ཟིན་པ་དེའི་ནང་རླངས་འཁོར་བེད་མེད་ཟུར་འཇོག་དང་གསར་སྒྱུར་ཁྲི་103.5བྱས་པ་དང་། ཁྲི་219བརྗེ་སྒྱུར་གསར་སྒྱུར་བྱས་ཡོད། 2024ལོར་རླངས་འཁོར་རྙིང་ཚབ་གསར་བརྗེའི་སྲིད་ཇུས་ལག་བསྟར་བྱས་ཚུན། རིམ་རྩིས་བྱས་ན་ཁ་གསབ་རེ་ཞུ་བྱེད་ཚད་ཁྲི་1000ལས་བརྒལ་ཡོད་པ་རེད།

རླངས་འཁོར་རྙིང་ཚབ་གསར་བརྗེའི་སྲིད་ཇུས་ཀྱིས་འཛད་སྤྱོད་འཕར་སྣོན་དང་། ལྗང་མདོག་རིགས་བསྒྱུར། ཐོན་ཁུངས་འཁོར་རྒྱུག་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།