འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་12ཉིན།

ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་བ་དང་ཆབས་ཅིག་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རྗེས།

༄༅།།ཞི་ཅིན་ཕིང་པེ་ཅིང་དུ་ལོག་ཕེབས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་12ཉིན། 10:08】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་10ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་བ་དང་ཆབས་ཅིག སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རྗེས་པེ་ཅིང་དུ་ལོག་ཕེབས་པ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་ལྷན་དུ་གནམ་གྲུ་གཅིག་ལ་བཞུགས་ནས་ལོག་ཕེབས་པ་རེད།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་ཟླ་5ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་10ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་བ་དང་ཆབས་ཅིག སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རྗེས་པེ་ཅིང་དུ་ལོག་ཕེབས་པ་རེད།

མོ་སི་ཁོ་ནས་ཞལ་གྱེས་སྐབས། ཨུ་རུ་སུའི་ཙུང་ལི་གཞོན་པ་ཆེར་ནེ་ཧྲེན་ཁོ་སོགས་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་གནམ་ཐང་དུ་ཕེབས་སྐྱེལ་ཞུ་བར་བཅར་བ་རེད།

    ཨུ་རུ་སུ་ཕྱོགས་ཀྱིས་གནམ་ཐང་དུ་ཞི་ཅིན་ཕིང་ལ་ཕེབས་སྐྱེལ་ཞུ་བའི་མཛད་སྒོ་འཚོགས་ཤིང་། དམག་དཔུང་གི་རོལ་ཆ་ཚོགས་པས་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་དང་། ཞི་ཅིན་ཕིང་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད།

    ཞི་ཅིན་ཕིང་བཞུགས་སའི་ཆེད་གཏོང་གནམ་གྲུ་འཕུར་རྗེས། ཨུ་རུ་སུའི་མཁའ་དམག་གི་དམག་འཐབ་གནམ་གྲུ་མཁའ་དབྱིངས་སུ་འཕུར་ནས་སྲུང་སྐྱེལ་ཞུས་པ་རེད།

     གནམ་ཐང་ལ་ཕེབས་པའི་ལམ་བར་དུ་ས་གནས་དེ་གའི་དམངས་ཚོགས་དང་། དེ་བཞིན་ཀྲུང་གོའི་མ་འཇོག་ཁེ་ལས་དང་ཕྱི་སྦྱོང་སློབ་མའི་འཐུས་མིས་གཞུང་ལམ་གྱི་གཡས་གཡོན་གཉིས་སུ་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་བྱས་ནས་ཞི་ཅིན་ཕིང་གིས་ཨུ་རུ་སུར་འཚམས་འདྲི་གནང་བ་ཐུགས་གྲ་ལེགས་འགྲིག་བྱུང་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད།