འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་12ཉིན།

༄༅།།འདི་ལོ་འབྲི་ཆུའི་ཟུར་གསུམ་ཁུལ་ལྕགས་ལམ་གྱིས་མཚོ་ལམ་དང་ལྕགས་ལམ་མཉམ་དུ་སྐྱེལ་འདྲེན་བྱེད་ཚད་ཚད་སྒམ་ཁྲི་བརྒྱ་ལྷག་ཙམ་ལེགས་གྲུབ་ཟིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་12ཉིན། 10:06】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་9ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་ལྕགས་ལམ་ཧྲང་ཧའེ་ཅུས་ཚོགས་པ་ནས་ཤེས་རྟོགས་བྱས་པར། ཟླ་5ཚེས་9ཉིན་བར། འབྲི་ཆུའི་ཟུར་གསུམ་ཁུལ་ལྕགས་ལམ་གྱིས་མཚོ་ལམ་དང་ལྕགས་ལམ་མཉམ་དུ་སྐྱེལ་འདྲེན་བྱེད་ཚད(སྒམ་གྲངས)ཚད་སྒམ་ཁྲི་100ལས་བརྒལ་བ་དེ་ན་ནིང་ལས་ཉིན་9ཡི་སྔ་སྣུར་དུ་ལེགས་གྲུབ་ཟིན་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ལྕགས་ལམ་ཧྲང་ཧའེ་ཅུས་ཚོགས་པས་ཧྲང་ཧའེ་གྲུ་ཁ་དང་ཉིང་པོ་ཀྲོའུ་ཧྲན་གྲུ་ཁའི་མཚོ་ལམ་དང་ལྕགས་ལམ་མཉམ་དུ་སྐྱེལ་འདྲེན་རྣམ་གྲངས་དང་མཉམ་ལས་བྱེད་པར་ཤུགས་སྣོན་བརྒྱབ་ནས་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཁོ་མཁན་གྱི་དགོས་མཁོ་ལྟར་དུས་མཚམས་དབྱེ་ནས་གནད་སྨིན་ངང་མེ་འཁོར་གཏོང་བ། འདོན་འཇུག་དང་གྲུ་གཟིངས་གཏོང་དུས་འབྲེལ་མཐུད་ནུས་ལྡན་བཅས་བྱས་ནས་མེ་འཁོར་བབས་ཚུགས་དང་གྲུ་ཁར་སྡོད་པའི་དུས་ཚོད་ཉུང་དུ་ཆེས་ཆེར་བཏང་བ་རེད། ཟླ་5ཚེས་9ཉིན་བར། ཧྲང་ཧའེ་གྲུ་ཁ་དང་ཉིང་པོ་ཀྲོའུ་ཧྲན་གྲུ་ཁས་ལོ་དེ་རང་དུ་རིམ་རྩིས་བརྒྱབ་ན། མཚོ་ལམ་དང་ལྕགས་ལམ་མཉམ་དུ་སྐྱེལ་འདྲེན་བྱེད་ཚད(སྒམ་གྲངས)ཚད་སྒམ་ཁྲི་100.4ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས་8%འཕར་བའི་ནང་ཧྲང་ཧའེ་གྲུ་ཁར་མཚོ་ལམ་དང་ལྕགས་ལམ་མཉམ་དུ་སྐྱེལ་འདྲེན་བྱེད་ཚད(སྒམ་གྲངས)ཚད་སྒམ་ཁྲི་35.1ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས་20%ལྷག་ཙམ་འཕར་ནས་ལོ་གོང་མའི་དུས་མཚུངས་ཀྱི་ཚད་གཞི་མཐོ་ཤོས་བཏོད་ཡོད་པ་རེད།

    མིག་སྔའི་བར། འབྲི་ཆུའི་ཟུར་གསུམ་ཁུལ་ལྕགས་ལམ་གྱི་ས་ཆ་མང་པོས་ཧྲང་ཧའེ་གྲུ་ཁ་དང་ཉིང་པོ་ཀྲོའུ་ཧྲན་གྲུ་ཁ་བར་གྱི་མཚོ་ལམ་དང་ལྕགས་ལམ་གྱི་མཉམ་དུ་སྐྱེལ་འདྲེན་བྱེད་པའི་དུས་གཏན་མེ་འཁོར་གྱི་ལམ་ཐིག་95ཟིན་ནས་ཁྱིམ་སྤྱོད་གློག་ཆས་དང་། འོད་ཤུགས་སྒྲིག་ཆས། ལྕགས་རིགས་ལྷུ་ལག་སོགས་ཚོང་ཟོག་རྒྱ་མཚོ་སྒྲོལ་རྒྱུར་རོགས་རམ་བྱེད་ཀྱི་ཡོད་པ་རེད། འདི་ལོའི་དུས་ཚིགས་གཉིས་པ་ཚུན་དུ། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་གྲུ་ཁ་གཙོ་བོའི(ཧྲང་ཧའེ་གྲུ་ཁ་དང་ཉིང་པོ་ཀྲོའུ་ཧྲན་གྲུ་ཁ)མཚོ་ལམ་དང་ལྕགས་ལམ་མཉམ་དུ་སྐྱེལ་འདྲེན་བྱེད་ཚད་ཉིན་རེར་ཆ་སྙོམས་ཚད་སྒམ་8000ལས་བརྒལ་ཡོད་པ་རེད།