གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་11ཉིན། 13:16】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མོ་སི་ཁོ་རུ་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རིང་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལུའོ་དང་མཇལ་འཛོམས་གནང་བཞིན་པ།
ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མོ་སི་ཁོ་རུ་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རིང་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལུའོ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཝེ་ནེ་ཙུའེ་ལ་ནི་ཕན་ཚུན་བློས་འགེལ་ཆོག་པ་དང་ཐུན་མོང་འཕེལ་རྒྱས་འགྲོ་བའི་རོགས་ཟླ་བཟང་པོ་ཞིག་ཡིན་ལ། རྒྱལ་སྤྱིའི་འགྱུར་ལྡོག་ཆེ་བའི་དུས་གནས་ཁྲོད་ཕྱོགས་གཉིས་པོ་མཛའ་གྲོགས་བློས་ཐུབ་ཅིག་ཆགས་ཡོད། 2023ལོར་ང་ཚོས་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་དབར་དུས་དང་རྣམ་པ་ཀུན་ཏུ་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་ཐུན་མོང་ཐོག་ཁྱབ་བསྒྲགས་བྱས་ཚུན། ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་དང་རིམ་པ་ཁག་དབར་འགྲོ་འོང་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་། ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་རྒྱུན་མཐུད་འཕར་བ། མ་འཇོག་མཉམ་ལས་དང་མི་ཆོས་རིག་གནས་ཀྱི་སྤེལ་རེས་ལ་འཕེལ་རྒྱས་གསར་པ་བྱུང་ནས། ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་མཛའ་གྲོགས་མི་སེམས་སུ་སྔར་བས་གཏིང་ཟབ་ཟུག་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་འཕེར་གྱི་ལྟ་ཚུལ་ཐོག་ནས་ཝེ་ནེ་ཙུའེ་ལའི་དབར་གྱི་འབྲེལ་བར་ལྟ་སྟངས་བཟུང་ནས་འཕེལ་རྒྱས་གཏོང་གི་ཡོད་ལ། ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། མི་རིགས་ཀྱི་ལ་རྒྱ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་པར་སྔར་རྒྱུན་བཞིན་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཝེ་ནེ་ཙུའེ་ལ་ཕྱོགས་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་དབར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་ཆེ་བ་སྐྲུན་འདོད་ཡོད།