འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་11ཉིན།

༄༅།།ཞི་ཅིན་ཕིང་ཨུ་རུ་སུའི་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་11ཉིན། 12:59】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་འཛམ་གླིང་གི་རྒྱལ་ཁབ་20ལྷག་ཙམ་དང་དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགོ་ཁྲིད་པ་གདན་ཞུས་ལྟར་རྟེན་འབྲེལ་མཛད་སྒོར་ཞུཌ་བཞིན་པ།

འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་འཛམ་གླིང་གི་རྒྱལ་ཁབ་20ལྷག་ཙམ་དང་དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགོ་ཁྲིད་པ་གདན་ཞུས་ལྟར་རྟེན་འབྲེལ་མཛད་སྒོར་ཞུཌ་བཞིན་པ།

ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན། ཨུ་རུ་སུས་མཛད་སྒོ་གཟབ་རྒྱས་འཚོགས་ནས་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་འཛམ་གླིང་གི་རྒྱལ་ཁབ་20ལྷག་ཙམ་དང་དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགོ་ཁྲིད་པ་གདན་ཞུས་ལྟར་རྟེན་འབྲེལ་མཛད་སྒོར་ཞུགས་པ་རེད།

ཟླ་5པའི་མོ་སི་ཁོར་སྔོ་ལྗང་རབ་ཏུ་རྒྱས་ནས་མེ་ཏོག་རྣམ་པར་བཞད་པ་དང་། རྒྱལ་ཁའི་ཉིན་མོའི་དར་ཆ་རླུང་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་བཞིན་བརྗིད་ཉམས་ཆེ་བའི་ཐང་ཆེན་དམར་པོར་རྔམ་བརྗིད་ལྡན་པའི་མཛད་སྒོ་གཟབ་རྒྱས་ཀྱི་རྣམ་པས་ཁེངས།

ཞི་ཅིན་ཕིང་ཁེ་ལི་མུའུ་ལིན་ཕོ་བྲང་དུ་ཕེབས་ནས་དེ་གར་ཕེབས་སྒུག་ཞུ་མཁན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་། དེ་རྗེས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་རྣམ་གཉིས་ཞབས་ཐང་མར་ཐང་ཆེན་དམར་པོའི་གཟིགས་སྟེགས་གཙོ་བོར་འཛེགས་ནས་བཞུགས་པ་རེད།

ཆུ་ཚོད་10པ་ཏག་ཏག་ལ་ཁེ་ལི་མུའུ་ལིན་ཕོ་བྲང་ནས་སྙན་འཇེབས་ཀྱི་དྲིལ་སྒྲ་གྲགས་པ་དང་ཆབས་ཅིག་རྟེན་འབྲེལ་མཛད་སྒོ་འགོ་ཚུགས་ཤིང་། དམག་དཔུང་རོལ་ཆའི་རུ་ཁག་གིས《བླ་ན་མེད་པའི་དམག་འཁྲུག》ཅེས་པའི་རོལ་དབྱངས་དཀྲོལ་བ་དང་། གཟབ་སྦྲེང་རུ་ཁག་གིས་ཨུ་རུ་སུའི་རྒྱལ་དར་དང་རླབས་ཆེན་གྱི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་དར་ཆ་སྲུང་སྐྱེལ་ཞུས་ནས་མཛད་སྒོ་འཚོག་ཡུལ་དུ་འཛུལ་ཡོང་བ་རེད།

ཕུའུ་ཅིང་གིས་ཤིས་ཚིག་བསྒྲོན་ནས་གསུངས་དོན། སུའུ་ལེན་གྱིས་ཚེ་སྲོག་ཁྲི་སྟོང་མང་པོ་བློས་བཏང་ནས་མིའི་རིགས་ཡོངས་ཀྱི་ཞི་བདེ་དང་རང་དབང་སྲུང་སྐྱོང་བྱས་ཡོད། ང་ཚོས་ནམ་ཡང་རྒྱལ་ཁའི་དུས་སྐབས་འདི་བློ་ལ་བརྟན་པོར་ངེས་ནས་མེས་པོའི་ཕུགས་རེ་རྒྱུན་འཛིན་དང་བློ་སེམས་གཅིག་སྒྲིལ་གྱིས་བླ་ན་མེད་པའི་གཟི་བརྗིད་ནམ་ཡང་སྲུང་སྐྱོང་བྱེད་ཀྱི་ཡིན། ཀྲུང་གོའི་མི་དམངས་ཀྱིས་དཔའ་ངར་ཆེན་པོས་རི་འགོག་དམག་འཁྲུག་བརྒྱབ་པ་དང་། ཀྲུང་གོའི་མི་དམངས་ཀྱིས་མིའི་རིགས་ཀྱི་ཐུན་མོང་གི་འབྱུང་འགྱུར་གཏོད་ཆེད་ལེགས་སྐྱེས་ཕུལ་བར་ང་ཚོས་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད། ང་ཚོས་འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་ལོ་རྒྱུས་དཔྱད་གཞིར་འཛིན་དགོས། རྒྱལ་ཁ་ནི་བླ་ན་མེད་པ་ཞིག་ཡིན་པས། ལོ་རྒྱུས་ལ་གཡོ་བཅོས་བྱེད་མི་རུང་ལ། རྒྱལ་ཁ་ཐོབ་མཁན་ལ་དམའ་འབེབས་དེ་བས་ཀྱང་བྱེད་མི་རུང་། ལོ་རྒྱུས་དང་དྲང་བདེན་ནམ་ཡང་ང་ཚོའི་ཕྱོགས་སུ་ཡོད།

དེ་རྗེས་དམག་དཔུང་རོལ་ཆའི་རུ་ཁག་གིས་ཨུ་རུ་སུའི་རྒྱལ་གླུ་དཀྲོལ་བ་དང་ཐང་ཆེན་དམར་པོ་ནས་རྟེན་འབྲེལ་མེ་སྒྱོགས་བརྒྱབ་པ་དང་བསྟུན་ནས་དམག་གཟིགས་མཛད་སྒོ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། གཟིགས་སྦྲེང་རུ་སྟར་གྲུ་བཞིས་གོམ་པ་གྲལ་འགྲིག་པོས་ཐང་ཆེན་དམར་པོར་རིམ་པ་ལྟར་བསྐྱོད། དམག་གཟིགས་མཛད་སྒོའི“ལོ་རྒྱུས”ཀྱི་ཆ་ཤས་སུ་ཨུ་རུ་སུའི་དཔོན་དམག་གིས་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་དུས་སྐབས་ཀྱི་དམག་ཆས་སྤྲས་ནས་སྐབས་དེ་དུས་ཀྱི་དམག་དར་མཐོན་པོར་བསྒྲེངས་པ་དང་སྐབས་དེ་དུས་ཀྱི་གོ་མཚོན་དམ་པོར་བཟུང་སྟེ། སྙིང་སྟོབས་ཆེར་སྐྱེད་ཀྱིས་གཟིགས་ཞིབ་དང་ལེན་བྱས་ནས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་སྤྱིར་བཏང་མིན་པའི་ལོ་ཟླར་ཕྱིར་དྲན་བྱས་ཡོད། དམག་གཟིགས་མཛད་སྒོའི“དེང་རབས”ཀྱི་ཆ་ཤས་སུ་ཨུ་རུ་སུའི་དམག་དཔུང་ཁག་གི་རུ་སྟར་གྲུ་བཞི་དང་དེང་རབས་གོ་མཚོན་སྒྲིག་ཆས་རུ་སྟར་གྲུ་བཞིས་རུ་སྟར་བསྒྲིགས་ནས་གཟིགས་ཞིབ་དང་ལེན་བྱས་ཤིང་། མཁའ་དབྱིངས་དམག་དཔུང་གི་འཕུར་སྐྱོད་དཔུང་རུས་འུར་སྒྲ་སྒྲོག་བཞིན་ཐང་ཆེན་དམར་པོའི་མཁའ་དབྱིངས་སུ་འཕུར་བ་དང《རྒྱལ་ཁའི་ཉིན་མོ》ཞེས་པའི་རོལ་དབྱངས་ཡུན་རིང་གྲགས། ཀྲུང་གོ་སོགས་རྒྱལ་ཁབ་10ལྷག་ཙམ་གྱི་དྲག་ཆས་དཔུང་སྡེའི་རུ་སྟར་གྲུ་བཞིས་ཀྱང་གདན་ཞུས་ལྟར་དམག་གཟིགས་མཛད་སྒོར་ཞུགས་པ་རེད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔུང་གསུམ་གྱི་གཟབ་སྦྲེང་རུ་ཁག་དང་རུ་སྟར་གྲུ་བཞིས་སྒམ་བརླིང་ལྡན་ཞིང་གྲལ་འགྲིག་ལ་ངར་ཤུགས་ཆེན་པོས་བློ་བརྟན་འགྱུར་མེད་ངང་ཐང་ཆེན་དམར་པོར་འཛུལ་ཡོང་བ་རེད།

རྟེན་འབྲེལ་མཛད་སྒོ་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་གིས་རྒྱལ་ཁབ་གཞན་དག་གི་འགོ་ཁྲིད་པ་དང་ལྷན་དུ་ཐང་ཆེན་དམར་པོ་ནས་ཡ་ལི་ཧྲན་ཏ་མེ་ཏོག་ལྡུམ་རར་ཕེབས་ཏེ་མིང་མེད་དཔའ་བོའི་བང་སོར་མེ་ཏོག་ཕུལ་བ་དང་འབྲེལ་གུས་སྟབས་ཀྱིས་བཞེངས་ནས་ངག་བསྡམས་ཏེ་མྱ་ངན་ཞུས་པ་རེད། དེ་རྗེས་རྒྱལ་ཁབ་ཁག་གི་འགོ་ཁྲིད་པས་དྲན་རྟེན་སྐུ་པར་བསྐྱོན་པ་རེད།

ཉིན་དེའི་ཉིན་དགུང་ལ་ཞི་ཅིན་ཕིང་ཙུང་ཐུང་ཕུའུ་ཅིང་གིས་བཤམས་པའི་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་གསོལ་སྟོན་ལ་ཞུགས་པ་རེད།

འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན། རྟེན་འབྲེལ་མཛད་སྒོ་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་གིས་རྒྱལ་ཁབ་གཞན་དག་གི་འགོ་ཁྲིད་པ་དང་ལྷན་དུ་ཐང་ཆེན་དམར་པོ་ནས་ཡ་ལི་ཧྲན་ཏ་མེ་ཏོག་ལྡུམ་རར་ཕེབས་ཏེ་མིང་མེད་དཔའ་བོའི་བང་སོར་མེ་ཏོག་ཕུལ་བ་དང་འབྲེལ་གུས་སྟབས་ཀྱིས་བཞེངས་ནས་ངག་བསྡམས་ཏེ་མྱ་ངན་ཞུ་བཞིན་པ།

ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན། ཨུ་རུ་སུས་རྟེན་འབྲེལ་མཛད་སྒོ་གཟབ་རྒྱས་འཚོགས་ནས་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་འཛམ་གླིང་གི་རྒྱལ་ཁབ་20ལྷག་ཙམ་དང་དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགོ་ཁྲིད་པ་གདན་ཞུས་ལྟར་རྟེན་འབྲེལ་མཛད་སྒོར་ཞུགས་ཤིང་། འདི་ནི་རྟེན་འབྲེལ་མཛད་སྒོ་མཇུག་འགྲིལ་རྗེས། རྒྱལ་ཁབ་ཁག་གི་འགོ་ཁྲིད་པས་དྲན་རྟེན་སྐུ་པར་བསྐྱོན་བཞིན་པ།