འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་10ཉིན།

༄༅།།ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཇ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་10ཉིན། 10:54】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་8ཉིན་གྱི་ཕྱི་དྲོར། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྣམ་གཉིས་ཀྱིས་མོ་སི་ཁོའི་ཁེ་ལི་མུའུ་ལིན་ཕོ་བྲང་གི་ཙུང་ཐུང་གཞུང་ལས་ཁང་དུ་ཇ་མོལ་གནང་བཞིན་པ།

ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་8ཉིན་གྱི་ཕྱི་དྲོར། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྣམ་གཉིས་ཀྱིས་མོ་སི་ཁོའི་ཁེ་ལི་མུའུ་ལིན་ཕོ་བྲང་གི་ཙུང་ཐུང་གཞུང་ལས་ཁང་དུ་ཇ་མོལ་གནང་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་ཟླ་5ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་8ཉིན་གྱི་ཕྱི་དྲོར། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྣམ་གཉིས་ཀྱིས་ཁེ་ལི་མུའུ་ལིན་ཕོ་བྲང་གི་ཙུང་ཐུང་གཞུང་ལས་ཁང་དུ་ཇ་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། འཛམ་གླིང་འདི་ཉིད་ཡོ་ལང་དང་འཕོ་འགྱུར་གྱི་དུས་སྐབས་གསར་པར་སླེབས་ཡོད། ཀྲུང་གོ་དང་ཨུ་རུ་སུས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་འཐབ་ཇུས་རོགས་ལས་མཐའ་འཁྱོངས་བྱས་ཚེ། རྒྱལ་ཁབ་གཉིས་པོས་རང་སོ་སོའི་འཕེལ་རྒྱས་དང་དར་རྒྱས་མངོན་འགྱུར་དང་། ཀྲུང་ཨུའི་མི་རབས་ནས་མི་རབས་བར་མཛའ་མཐུན་གྱི་དམངས་སེམས་ཕྱོགས་ས། འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་དུས་རབས་ཀྱི་འཕེལ་ཕྱོགས་བཅས་སྟོབས་ཤུགས་གང་རུང་གིས་ཀྱང་བཀག་འགོག་བྱེད་མི་ཐུབ། ངས་ཙུང་ཐུང་ཕུའུ་ཅིང་དང་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱས་ནས་ཀྲུང་ཨུའི་འབྲེལ་བའི་ཁ་ཕྱོགས་གཏན་འཁེལ་ལ་སྣེ་ཁྲིད་བྱེད་པ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད།

ཕུའུ་ཅིང་གིས་གསུངས་དོན། ཨུ་རུ་སུ་དང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱར་བ་གྲུ་འདེགས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་བཞིན་ཡོད་པས། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་སྲ་ཞིང་བརྟན་པ་ཞིག་ཡོད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་འཐབ་ཇུས་འབྲེལ་མཐུད་དམ་ཟབ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་མཛུབ་ཁྲིད་བྱེད་པ་དང་། རྒྱལ་སྤྱིའི་རྙོག་འཛིང་ཆེ་བའི་དུས་བབ་ཀྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་པོའི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བཅས་བྱས་ཏེ་འཛམ་གླིང་དེ་ཉིད་དྲང་གཞག་དང་། དམངས་གཙོ། སྣེ་མང་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཡུག་རེན་གྱི་ཉམས་ཉེན་སོགས་ཀྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་ཞིང་། ཞི་ཅིན་ཕིང་གིས། ཡུག་རེན་གྱི་ཉམས་ཉེན་ཐད་ཀྲུང་གོ་ཕྱོགས་ཀྱིས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་གོ་ལ་ཧྲིལ་པོའི་བདེ་བཇགས་ལྟ་བ་དར་སྤེལ་དང་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཁག་གི་ལུགས་མཐུན་བདེ་འཇགས་ཀྱི་དོ་ཁུར་བྱ་ཡུལ་ལ་མཐོང་ཆེན་བྱས་ནས་ཉམས་ཉེན་འབྱུང་ཁུངས་སེལ་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཞི་བདེར་ཕན་པའི་འབད་བརྩོན་མཐའ་དག་ལ་དགའ་བསུ་ཞུ་ཡི་ཡོད། སྐད་ཆ་ཤོད་རེས་བརྒྱུད་དྲང་གཞག་དང་། རྒྱུན་སྲིང་། ཚོད་འཛིན་བྱེད་ནུས་ལྡན་པ་དང་སྦྲགས་དོ་བདག་ཕྱོགས་ཁག་གིས་དང་ལེན་ཐུབ་པའི་ཞི་བདེའི་གྲོས་མཐུན་ཞིག་འཇོག་ཐུབ་པའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།

ཕུའུ་ཅིང་གིས་ཆབ་སྲིད་ལ་བརྟེན་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཀྲུང་གོ་ཕྱོགས་ཀྱི་ལུགས་མཐུན་དྲང་གཞག་གི་ལངས་ཕྱོགས་ལ་ཚད་མཐོའི་བསྔགས་བརྗོད་གནང་ཞིང་། ཁོང་གིས། ཨུ་རུ་སུ་ཕྱོགས་ཀྱིས་སྔོན་འགྲོའི་ཆ་རྐྱེན་མེད་པར་ཞི་བའི་གྲོས་མོལ་བྱེད་འདོད་ཡོད། དྲང་གཞག་དང་རྒྱུན་སྲིང་གི་ཞི་བདེའི་གྲོས་མཐུན་འཇོག་ཐུབ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།

(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེས་ཞུས)