འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་10ཉིན།

༄༅།།ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་10ཉིན། 10:40】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་8ཉིན་གྱི་སྔ་དྲོར། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་སི་ཁོའི་ཁེ་ལིན་མུའུ་ལིན་ཕོ་བྲང་དུ་གྲོས་མོལ་གནང་ཞིང་། འདི་ནི་ཕུའུ་ཅིང་གིས་ཆའོ་ཀྲི་ཚོམས་ཆེན་དུ་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོག་བཞིན་པ།

ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་8ཉིན་གྱི་སྔ་དྲོར། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་སི་ཁོའི་ཁེ་ལིན་མུའུ་ལིན་ཕོ་བྲང་དུ་གྲོས་མོལ་གནང་ཞིང་། འདི་ནི་ཕུའུ་ཅིང་གིས་ཆའོ་ཀྲི་ཚོམས་ཆེན་དུ་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོག་བཞིན་པ།

འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་མོ་སི་ཁོ་ནས་ཟླ་5ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་8ཉིན་གྱི་སྔ་དྲོར། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་སི་ཁོའི་ཁེ་ལི་མུའུ་ལིན་ཕོ་བྲང་དུ་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ནས་བློ་བརྟན་འགྱུར་མེད་ངང་འཐབ་ཇུས་ཀྱི་མཉམ་ལས་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་བརྟན་པོ་དང་། སྐྱོན་བྲལ། ཆུ་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་དམག་ཆེན་གཉིས་པའི་ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་མཉམ་དུ་དར་སྤེལ་བཏང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གནས་བབ་སྲུང་སྐྱོང་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པའི་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད།

ཟླ་ལྔ་པའི་མོ་སི་ཁོར་ནམ་མཁའ་སྔོ་ལ་གཡའ་དག་ཅིང་། ཞི་ཅིན་ཕིང་བཞུགས་པའི་རླངས་འཁོར་འབྱོར་སྐབས་ཁེ་ལི་མུའུ་ལིན་ཕོ་བྲང་གི་དམག་སྤྱི་ཆེ་མོས་རླངས་འཁོར་བབས་གནས་སུ་ཕེབས་བསུ་ཞུས་པ་རེད།

ཕུའུ་ཅིང་གིས་ཆའོ་ཀྲི་ཚོམས་ཆེན་དུ་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་ཤིང་། རྔམ་བརྗིད་ལྡན་ལ་དཔའ་ངར་ཆེ་བའི་མགྲོན་བསུའི་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་དང་ཕུའུ་ཅིང་རྣམ་གཉིས་ཆའོ་ཀྲི་ཚོམས་ཆེན་གྱི་ཕྱོགས་གཉིས་ནས་ས་གདན་དམར་པོ་བརྒྱུད་ཚོམས་ཆེན་གྱི་དབུས་སུ་ཕེབས་ཏེ་བྱམས་བརྩེའི་ཕྱག་གཏོང་རེས་གནང་ནས་ལྷན་བཞུགས་སྐུ་པར་བསྐྱོན་པ་རེད། དམག་མིའི་རོལ་ཆ་ཚོགས་པས་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་སྔ་རྗེས་སུ་ཁྱབ་ཁོངས་ཆུང་བ་དང་ཁྱབ་ཁོངས་ཆེ་བའི་གྲོས་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ཉེ་བའི་ལོ་ཤས་རིང་། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་བརྟན་པོ་དང་། སྐྱོན་བྲལ། ཆུ་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་དུས་བབ་རྒྱུན་འཁྱོངས་བྱུང་བ་དང་ཡུན་རིང་གི་ཁྱིམ་མཚེས་མཛའ་གྲོགས་དང་གཉིས་ཁེ་མཉམ་ལས་གཉིས་ཕན་བཅས་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མངོན་གསལ་དོད་པའི་ཁྱད་ཆོས་སུ་གྱུར་ཡོད། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞི་ཇེ་ཟབ་ཏུ་ཕྱིན་པ་དང་། དངོས་སྒྲུབ་མཉམ་ལས་ཀྱི་འབྲེལ་ཐག་ཇེ་བརྟན་དུ་ཕྱིན་པ། མི་ཆོས་རིག་གནས་སྤེལ་རེས་དང་ས་གནས་ཀྱི་འགྲོ་འོང་ཇེ་ཟབ་ཏུ་ཕྱིན་པ་བཅས་དུས་རབས་གསར་པའི་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་དེ་བས་གདེང་ཚོད་ལྡན་པའི་སྒོ་ནས་བརྟན་དུ་ཕྱིན་ཡོད། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་དང་ཟབ་ཏུ་གཏོང་བ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་རྒྱུན་འཛིན་བྱེད་པའི་དགོས་ངེས་ཀྱི་དོན་སྙིང་ཞིག་དང་ཕྱོགས་གཉིས་པོས་ཕན་ཚུན་གྲུབ་འབྲས་གཏོད་པ་དང་རང་སོ་སོའི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་གདམ་ག་ཞིག་རེད་ལ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་འབོད་སྒྲ་ཞིག་ཀྱང་ཡིན་པ་ལོ་རྒྱུས་དང་དོན་དངོས་ཀྱིས་ར་སྤྲོད་གང་ལེགས་བྱས་ཡོད། 

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་། སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བའི་ལོ་ཞིག་རེད། ལོ་80ཡི་གོང་དུ་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་བློས་གཏོང་ཧ་ཅང་ཆེན་པོ་བྱས་པ་བརྒྱུད་རླབས་ཆེན་གྱི་རྒྱལ་ཁ་ཐོབ་པ་མ་ཟད། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ཆེད་ལོ་རྒྱུས་ཀྱི་དེབ་ཐེར་ཐོག་འཁོད་པའི་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཀྱང་ཕུལ་ཡོད། མིག་སྔར། རྒྱལ་སྤྱིའི་ཐོག་གི་ཕྱོགས་རྐྱང་རིང་ལུགས་ཀྱི་ལོ་རྒྱུས་ཀྱི་རླབས་རྒྱུན་དང་ལྡོག་པ་དང་བཙན་དབང་བཙན་ཤེད་ཀྱི་བྱེད་སྤྱོད་ཀྱི་མདུན་དུ་ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཡིན་པའི་དམིགས་བསལ་གྱི་འགན་འཁྲི་ཕྲག་ཏུ་ཁུར་ནས་སྤོབས་སེམས་ཆེན་པོས་འགན་འཁྲི་འཁུར་བ་དང་། འཛམ་གླིང་དམག་ཆེན་གཉིས་པའི་ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་མཉམ་དུ་དར་སྤེལ་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གནས་བབ་སྲུང་སྐྱོང་། འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་དང་དེ་བཞིན་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་དབང་མཐའ་གཅིག་ཏུ་སྲུང་སྐྱོང་བཅས་བྱས་ཏེ་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་གི་ཡིན།

རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཁྱབ་ཁོངས་ཁག་གི་མཉམ་ལས་སྐོར་གྱི་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བའི་སྙན་སེང་གསན་པ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཨུ་རུ་སུ་ཕྱོགས་གཉིས་ཀྱིས་མཉམ་ལས་ཀྱི་ཁ་ཕྱོགས་ཆེན་པོ་མཐའ་འཁྱོངས་བྱས་ནས་ཕྱི་ཕྱོགས་ཀྱི་འགལ་རྐྱེན་བསལ་ཏེ་མཉམ་ལས་ཀྱི“བརྟན་པའི”རྨང་གཞི་དེ་བས་བརྟན་དུ་གཏོང་བ་དང“མདུན་སྐྱོད”ཀྱི་སྒུལ་ཤུགས་དེ་བས་འདོན་སྤེལ་བྱེད་དགོས། རྒྱལ་ཁབ་གཉིས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ལས་མ་ལག་ཕན་ཚུན་གསབ་རེས་ཀྱི་ལེགས་ཆ་བཏོན་ཏེ་དཔལ་འབྱོར་ཚོང་དོན་དང་། ནུས་རྒྱུ། ཞིང་ལས། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་སྤུས་ཚད་མཐོ་བའི་གཉིས་ཕན་མཉམ་ལས་རྒྱ་ཆེར་གཏོང་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་སྦྲེལ་མཐུད་ལས་སྟེགས་སུ་བྱས་ནས་ཚད་གཞི་མཐོ་བའི་ཕན་ཚུན་སྦྲེལ་མཐུད་ཀྱི་བཀོད་པ་གཏོད་དགོས། “ཀྲུང་གོ་དང་ཨུ་རུ་སུའི་རིག་གནས་ལོའི”མི་མངོན་པའི་ནུས་པ་གང་ལེགས་བཏོན་ནས་སློབ་གསོ་དང་། གློག་བརྙན། ཡུལ་སྐོར། ལུས་རྩལ། ས་གནས་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་དམངས་སེམས་འབྲེལ་མཐུད་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་དགོས། མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། འབོ་གསེར་རྒྱལ་ཁབ་སོགས་ཕྱོགས་མང་ལས་སྟེགས་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ཟབ་ཏུ་གཏོང་བ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ལ་མཐུན་སྒྲིལ་བྱེད་པ། ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་བཅས་བྱས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཕོ་འགྱུར་གྱི་ཡང་དག་པའི་ཁ་ཕྱོགས་ལ་ཁྲིད་སྟོན་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ང་ཚོར་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བའི་ཆོད་སེམས་དང་གདེང་ཚོད་ཡོད། ཕྱི་རོལ་གྱི་ཁོར་ཡུག་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་ཀྱི་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་དུས་རབས་ཀྱིས་དཀྲིས་པའི་དམིགས་བསལ་གྱི་འགན་འཁྲི་ཁུར་ནས་གོ་ལ་ཧྲིལ་པོའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་དང་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོའི་ངང་ཤར་བགྲོད་ཐུབ་རྒྱུར་སྲུང་སྐྱོང་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད།

ཕུའུ་ཅིང་གིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་བ་དང་འབྲེལ་ཁོང་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་གི་ཡིན། ད་ཐེངས་ཀྱི་འཚམས་འདྲིར་དོན་སྙིང་གལ་ཆེན་ལྡན་ཡོད། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་རྒྱུ་མ་ཟད། འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ཀྱང་མཉམ་དུ་སྲུང་སྐྱོང་ཐུབ་རྒྱུ་རེད།

ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་8ཉིན་གྱི་སྔ་དྲོར། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་སི་ཁོའི་ཁེ་ལི་མུའུ་ལིན་ཕོ་བྲང་དུ་གྲོས་མོལ་གནང་ཞིང་། འདི་ནི་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཁྱབ་ཁོངས་ཆུང་བའི་གྲོས་མོལ་གནང་བཞིན་པ།

ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་8ཉིན་གྱི་སྔ་དྲོར། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་སི་ཁོའི་ཁེ་ལི་མུའུ་ལིན་ཕོ་བྲང་དུ་གྲོས་མོལ་གནང་ཞིང་། འདི་ནི་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཁྱབ་ཁོངས་ཆུང་བའི་གྲོས་མོལ་གནང་བཞིན་པ།

ཕུའུ་ཅིང་གིས་གསུངས་དོན། ཨུ་རུ་སུ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་ནི་ཕན་ཚུན་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་ཐོག་བཙུགས་པ་ཞིག་ཡིན་པ་ལས། ཕྱོགས་གསུམ་པར་དམིགས་པ་ཞིག་མིན་ལ། དུས་སྐབས་གཅིག་དང་བྱ་བ་གཅིག་གི་ཤུགས་རྐྱེན་ཡང་ཐེབས་མི་སྲིད། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་དང་གཉིས་ཕན་མཉམ་ལས་རྒྱ་ཆེར་གཏོང་རྒྱུ་ནི་ཨུ་རུ་སུ་ཕྱོགས་ཀྱི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ་ཐའེ་དབན་གྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱེད་པ་དང་། ཚོང་དོན་དང་། མ་འཇོག ནུས་རྒྱུ། ཞིང་ལས། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། སློབ་གསོ་དང་། རིག་གནས། གཞོན་ནུ། ཡུལ་སྐོར་སོགས་མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་རྒྱང་ཤར་ས་ཁུལ་གྱི་མཉམ་ལས་ཀྱི་ནང་དོན་རྒྱ་ཆེར་གཏོང་འདོད་ཡོད། སྒོ་ཁྲལ་མཐོ་རུ་བཏང་བ་དེ་ནི་རྒྱུན་སྲོལ་དང་རྒྱབ་འགལ་བྱས་པ་ཞིག་ཡིན་ལ། ཁྲིམས་དང་མི་མཐུན་པ་ཞིག་ཡིན་པས་མཐར་རང་ཉིད་ཕུང་སྲིད། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། འབོ་གསེར་རྒྱལ་ཁབ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། འཛམ་གླིང་སྣེ་མང་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་པ། ཕྱོགས་རྐྱང་རིང་ལུགས་ལ་མཉམ་དུ་ངོ་རྒོལ། གང་བྱུང་དུ་བཀག་སྡོམ་བྱེད་པར་ངོ་རྒོལ། ཚོགས་པའི་འགྲན་རྒོལ་ལ་ངོ་རྒོལ་བཅས་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་དགོས།

ཕུའུ་ཅིང་གིས་གསུངས་དོན། ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ནང་བློས་གཏོང་ཧ་ཅང་ཆེན་པོ་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་ཀྲུང་གོའི་མི་དམངས་ཀྱིས་དཔའ་ངར་ཆེན་པོས་དམག་འཐབ་བྱས་པ་བརྒྱུད་རི་འགོག་དམག་འཁྲུག་ལ་རླབས་ཆེན་རྒྱལ་ཁ་ཐོབ་སྟེ་འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་དཀའ་ཚེགས་ཆེ་བའི་དམག་འཁྲུག་གི་ལོ་ཟླའི་ནང་ཕན་ཚུན་རྒྱབ་སྐྱོར་བྱས་པར་བརྟེན་མཛའ་གྲོགས་ཟབ་མོ་ཆགས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་དང་། འཛམ་གླིང་དམག་ཆེན་གཉིས་པའི་ཡང་དག་པའི་ལོ་རྒྱུས་ཀྱི་གནས་ཚུལ་ཞིབ་བརྗོད་ལ་སྲུང་སྐྱོང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བཅས་བྱས་ཏེ་རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས།

འདི་ནི་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས《ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་སྐབས་སུ་ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་མཉམ་འབྲེལ་གསལ་བསྒྲགས》ལ་ལྷན་དུ་མཚན་རྟགས་བཀོད་གནང་བ།

འདི་ནི་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས《ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་སྐབས་སུ་ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་མཉམ་འབྲེལ་གསལ་བསྒྲགས》ལ་ལྷན་དུ་མཚན་རྟགས་བཀོད་གནང་བ།

གྲོས་མོལ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས《ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་སྐབས་སུ་ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་མཉམ་འབྲེལ་གསལ་བསྒྲགས》ལ་མཉམ་དུ་མིང་རྟགས་བཀོད་གནང་བ་རེད།

རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་གོ་དང་ཨུ་རུ་སུ་ཕྱོགས་གཉིས་ཀྱི་གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་པོ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་། སྐྱེ་དངོས་བདེ་འཇགས། མ་འཇོག་སྲུང་སྐྱོང་། གྲངས་འཛིན་དཔལ་འབྱོར། ནད་ཡམས་བརྟག་དཔྱད། གློག་བརྙན་མཉམ་ལས་སོགས་ཁྱབ་ཁོངས་ཚུད་པའི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་20ལྷག་ཙམ་བརྗེ་རེས་གནང་བར་ལྷན་དུ་དཔང་པོ་གནང་བ་རེད།

རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཚན་ལ་ཕྱོགས་གཉིས་པོའི་དབར་གྲུབ་པའི་ཐུན་མོང་ངོས་འཛིན་གཞིར་བཟུང་། སྤེལ་རེས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཕན་འབྲས་དེ་བས་མང་བ་ཐོབ་པར་བྱེད་དགོས་པའི་བཀའ་དཀྲི་བ་རེད།

རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ད་དུང་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་བ་རེད།

དེ་ཉིན་ཉིན་དགུང་ཕུའུ་ཅིང་གིས་ཞི་ཅིན་ཕིང་ལ་དགའ་བསུའི་གསོལ་སྟོན་བཤམས་པ་རེད།

(པ་སངས་དང་། གནམ་ཕྱུག་རྒྱལ། མཚམས་གཅོད། ཚེ་ཁོ་བཅས་ཀྱིས་སྒྱུར་ཞུས་བྱས)

འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་8ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་སི་ཁོའི་ཁེ་ལི་མུའུ་ལིན་ཕོ་བྲང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་རྗེས་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་བ།

འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་8ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་སི་ཁོའི་ཁེ་ལི་མུའུ་ལིན་ཕོ་བྲང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་རྗེས་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་བ།