འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་9ཉིན།

༄༅།།ལས་རིགས་གསར་པ་17ཁྱབ་བསྒྲགས་བྱས་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་09ཉིན། 16:46】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཟླ་5ཚེས་8ཉིན་ཡོངས་བསྒྲགས་བྱས་དོན། རྒན་གསོའི་ཞབས་ཞུ་པ་དང་། ཁོངས་བརྒལ་གློག་རྡུལ་ཚོང་དོན་གཉེར་སྐྱོང་དོ་དམ་པ། མི་མེད་གནམ་གྲུའི་ཚོགས་པའི་འཕུར་སྐྱོད་འཆར་འགོད་པ། གློག་རྡུལ་གློག་ལམ་ཇུས་འགོད་པ། མཛེས་བཟོ་དོ་དམ་པ། ཚབ་སྤྱོད་ཇ་ལས་སྣོན་བཟོ་པ། འཚིག་ཇ་ལས་སྣོན་བཟོ་པ་སོགས་ལས་རིགས་གསར་པ་17མང་དུ་གཏོང་རྩིས་ཡོད། དུས་མཚུངས་སུ་གསེར་གསལ་འབྱེད་དང་རིན་གོང་ཚོད་རྩིས་པ་དང་། ཡུལ་སྐོར་པར་ལེན་པ། རིག་ནུས་མཛོད་ཁང་སྐྱེལ་འདྲེན་པ། གཉིད་ཉལ་བདེ་ཐང་དོ་དམ་པ། རང་གྲུབ་རྣམ་པའི་མིས་བཟོས་རིག་སྟོབས་མ་ལག་ཚོད་ལྟ་བྱེད་མཁན། བསྲེགས་ཟས་ལས་མཁན། ཞབས་ཞུའི་ཁྱི་འདུལ་གསོ་མཁན་སོགས་ལས་སྣ་གསར་པ་42གསར་སྣོན་བྱས་ཡོད།