གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་09ཉིན། 16:45】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཟླ་5ཚེས་9ཉིན་གྱི་ཆུ་ཚོད་06པའི་ཐོག་དྲག་ཆར་འབབ་པའི་ཉེན་བརྡ་སྔོན་པོ་མུ་མཐུད་བཏང་སྟེ།
སྔོན་དཔག་བྱས་ན། ཟླ་5ཚེས་9ཉིན་གྱི་ཆུ་ཚོད་8ནས་ཚེས་10ཉིན་གྱི་ཆུ་ཚོད་8པའི་བར། ཀོང་ཞིའི་ཤར་རྒྱུད་དང་ལྷོ་རྒྱུད། ཀོང་ཏུང་གི་ས་ཁུལ་མང་ཆེ་བ། ཧྥུ་ཅན་གྱི་ནུབ་བྱང་རྒྱུད་དང་ཤར་ལྷོའི་རྒྱུད། ཧའེ་ནན་གླིང་ཕྲན་གྱི་བྱང་ཤར་རྒྱུད། ཀྲེ་ཅང་གི་ཤར་ལྷོའི་རྒྱུད། ཧྭ་བྱང་གི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་ཡིན་པ་དང་། དེའི་ནང་། ཀོང་ཞིའི་ཤར་རྒྱུད་དང་ཀོང་ཏུང་གི་ནུབ་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་འབབ་རྒྱུ་རེད།(ཧོ་སྨི་100ནས་150བར།)གོང་གི་ས་ཁུལ་ཁ་ཤས་སུ་དུས་ཐུང་ནང་དྲག་ཆར་འབབ་རྒྱུ་རེད། (དུས་ཚོད་རེར་ཆར་ཆུ་འབབ་ཚད་ཆེ་ཤོས་ཧོ་སྨི་30~50ཡོད་པ་དང་། ས་ཁུལ་ཁག་ཅིག་ཏུ་ཧོ་སྨི་80ལས་བརྒལ་སྲིད།) ས་ཁུལ་ཁག་ཅིག་ཏུ་གློག་འཁྱུག་འབྲུག་གྲགས་དང་ལྷགས་པ་ཆེན་པོ་རྒྱག་པ་སོགས་གཏད་རྒྱུག་གནམ་གཤིས་དྲག་པོ་ཡོད།
འགོག་སྲུང་ཕྱོགས་སྟོན།
1.སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲི་གཞིར་བཟུང་། དྲག་ཆར་འགོག་པའི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས།
2.སློབ་གྲྭ་དང་བུ་བཅོལ་ཁང་གིས་བྱེད་ཐབས་འོས་འཚམ་སྤྱད་དེ་སློབ་མ་དང་བྱིས་པའི་བདེ་འཇགས་འགན་ལེན་བྱེད་དགོས།
3.ཁ་ལོ་བས་གཞུང་ལམ་དུ་ཆུ་འཁྱིལ་བ་དང་འགྲིམ་འགྲུལ་འགག་པ་ལ་དོ་སྣང་བྱས་ཏེ་བདེ་འཇགས་ལ་ཁག་ཐེག་བྱེད་དགོས།
4.གྲོང་ཁྱེར་དང་། ཞིང་ཁ། ཉ་རྫིང་བཅས་ཀྱི་ཆུ་འབུད་མ་ལག་ལ་ཞིབ་བཤེར་བྱས་ནས་འཁྱིལ་ཆུ་ཕྱིར་འབུད་ཀྱི་གྲ་སྒྲིག་ཡག་པོ་བྱེད་དགོས།