འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་9ཉིན།

༄༅།།སྦྲག་སྐྱེལ་བ་ལྷག་པས་མྱུར་སྐྱེལ་བསྐུར་མ་ཁྲི་20ལྷག་ཙམ་བསྐྱལ་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་09ཉིན། 15:53】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ནི“རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བའི”མཚན་སྙན་ཐོབ་མཁན་ལྷག་པ་ཡིན་པ།

འདི་ནི“རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བའི”མཚན་སྙན་ཐོབ་མཁན་ལྷག་པ་ཡིན་པ།

རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་ལྷག་པ་ནི་བོད་ལྗོངས་ཧྲུན་ཧྥུང་མྱུར་སྐྱེལ་ཚད་ཡོད་ཀུང་སི་ནག་ཆུ་ཡན་ལག་ཀུང་སིའི་བསྡུ་སྐྱེལ་བ་ཞིག་ཡིན་པ་དང་ད་ལོ་ལོ་30ལ་སླེབས་ཡོད། 2016ལོར་ལས་ཀར་ཞུགས་ཚུན། ཁོང་གིས་མྱུར་སྐྱེལ་བསྐུར་མ་ཁྲི་20ལྷག་ཙམ་བསྐྱལ་བ་དང་མི་སྒེར་གྱི་གནས་ཚུལ་དབང་གིས་མྱུར་སྐྱེལ་འགོར་འགྱངས་བྱུང་ནས་དོ་བདག་གིས་ཞུ་གཏུག་རྒྱག་མྱོང་མེད།

བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་ཆ་སྙོམས་ས་བབ་སྨི་4500ལས་བརྒལ་བ་དང་གྲང་ངར་ཆེ་ལ་གསོ་རླུང་དཀོན་པའི་ཁོར་ཡུག་གིས་ལྷག་པའི་ཉིན་ལྟར་གྱི་ལས་ཀར་འགྲན་སློང་ཆེན་པོ་འཕྲད་ཀྱི་ཡོད། དེ་གར་དགུན་ཁ་རིང་པོ་ཡོད་པ་དང་ལམ་ཁ་འཁྱག་ནས་གློག་སྒུལ་རླངས་འཁོར་འདྲེད་བརྡབ་ཡང་ཡང་ཤོར་གྱི་ཡོད་ལ། དུས་བཞིར་ཁ་བ་བུ་ཡུག་དང་དྲག་ཆར་སོགས་ཀྱི་གནམ་གཤིས་ཧ་ཅང་ཞན་པའི་ཚོད་བགམ་ཐུག་གི་ཡོད། དེ་ལྟར་ལྷག་པས་ཐོག་མཐའ་བར་གསུམ་དུ་ལས་གནས་བརྟན་སྲུང་བྱས་ཏེ་ཉིན་ལྟར་ནག་ཆུའི་ཁྲོམ་གཞུང་དང་སྲང་ལམ་ཆེ་ཆུང་གང་སར་བསྐྱོད་དེ་མྱུར་སྐྱེལ་བསྐུར་མ་དག་སྡེབ་སྐྱེལ་ས་ཚིགས་ནས་དོ་བདག་ལ་འབྱོར་བའི་བར་གྱི་མཐའ་མའི་ལམ་བུ་བཤངས་ཡོད།

“ངས་ངེས་པར་དུ་རང་ཉིད་ཀྱི་ལས་ཀ་ཡག་པོ་བྱས་ནས་དོ་བདག་ཚང་མའི་ཡིད་ཆེས་ལ་ངོ་གནོང་མི་དགོས་པ་བྱེད་ཀྱི་ཡིན”ཞེས་ལྷག་པས་བཤད།

འདི་ནི་ལྷག་པས(གཡོན་གྱི་བཞི་པ)མྱུར་སྐྱེལ་ས་ཚིགས་སུ་མྱུར་སྐྱེལ་ཐུམ་སྒྲིལ་རྒྱག་བཞིན་པ།

འདི་ནི་ལྷག་པས(གཡོན་གྱི་བཞི་པ)མྱུར་སྐྱེལ་ས་ཚིགས་སུ་མྱུར་སྐྱེལ་ཐུམ་སྒྲིལ་རྒྱག་བཞིན་པ།