འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་9ཉིན།

༄༅།།“ལྔ་གཅིག”གུང་གསེང་རིང་མཚོ་སྔོན་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་344.37ལ་སྣེ་ལེན་ཞུས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་09ཉིན། 15:33】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “ལྔ་གཅིག”གུང་གསེང་རིང་མཚོ་སྔོན་ཞིང་ཆེན་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་344.37ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་10.2%འཕར་བ་དང་། ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་14.6ཟིན་པ་དེ་དུས་མཚུངས་ལས་9%འཕར་ཡོད་པ་རེད།

ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གིས་མང་ཚོགས་ཀྱི་དགོས་མཁོར་གཞིགས་ཏེ་དམངས་ཕན་རིག་རྩལ་འཁྲབ་སྟོན་དང་། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན། རིག་གནས་རོལ་རྩེད་ཉམས་ལེན། ཡུལ་སྐོར་སྤྲོ་གསེང་འཛད་སྤྱོད། རིག་རྫས་འགྲེམས་ཚོགས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་རྒྱུན་མཐུད་སྤེལ་ནས་རྣམ་པ་དང་ནང་དོན་གསར་གཏོད་དང་། ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ། ཁོར་ཡུག་གི་རྣམ་པ་ཟབ་མོ་གཏོད་པ། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བཅས་བྱས་ཏེ། ས་གནས་ཁག་གི་རིག་གནས་ཡུལ་སྐོར་བྱེད་སྒོས་ཕུན་སུམ་ཚོགས་པའི་བཀྲག་མདངས་མངོན་པར་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་ཁག་སྤྱི་པའི་རིག་གནས་ཞབས་ཞུ་ཚན་པས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་ཐབས་ལམ་བརྒྱུད་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་སྣ་ཚོགས་ཐེངས་335སྤེལ་བ་དང་། མང་ཚོགས་མི་ཐེངས་ཁྲི་56.73ལ་ཞབས་འདེགས་ཞུས་པ། ཞིང་ཆེན་ཡོངས་ཀྱི་རྟེན་མཛོད་ཁང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་8.53ལ་སྣེ་ལེན་ཞུས་པ། དྲ་ཐོག་ནས་ལྟ་མཁན་མི་ཐེངས་ཁྲི་16.6ཟིན་ཡོད་པ་རེད།