འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་9ཉིན།

༄༅།།སྒོར་དུང་ཕྱུར་ཁྲི་3གྱི་ཆ་འཕྲིན་གལ་ཆེན། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་09ཉིན། 13:53】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཟླ་5ཚེས་8ཉིན་གྱི་སྔ་དྲོར། རྒྱལ་ཁབ་གསར་འགྱུར་གཞུང་དོན་ཁང་གིས་དམངས་གཉེར་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།

    རྒྱལ་ཁབ་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲེང་པེ་ཡིས། ཚོགས་འདུའི་ཐོག་དམངས་གཉེར་ཁེ་ལས་ཀྱིས་“གལ་ཆེན་གཉིས་”འཛུགས་སྐྲུན་དང་“གསར་གཉིས་”ཀྱི་ལས་དོན་ནང་ཧུར་ཐག་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ། དམངས་གཉེར་ཁེ་ལས་རྒྱལ་ཁབ་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ནང་ཞུགས་རྒྱུའི་རྒྱུན་ཕན་ལམ་སྲོལ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད་པ་དང་། ཉིང་རྡུལ་གློག་དང་ལྕགས་ལམ་སོགས་ཁྱབ་ཁོངས་སུ་རྣམ་གྲངས་གལ་ཆེན་ཁག་གཅིག་བཏོན་ཡོད། ད་ཆ། ཉིང་རྡུལ་གློག་གི་རྣམ་གྲངས་ཁ་ཤས་ནང་དམངས་ཁྲོད་ཀྱི་མ་རྩའི་མ་རྐང་ཞུགས་པའི་བསྡུར་ཚད་20%ཟིན་ཡོད། བཟོ་ལས་སྒྲིག་ཆས་གསར་སྒྱུར་དང་བསྡུ་བའི་རེས་འཁོར་བེད་སྤྱོད་བྱེད་ཁོངས་སུ་དམངས་གཉེར་ཁེ་ལས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་གྱིས་བརྒྱ་ཆ་80ལས་བརྒལ་ཡོད་ཅེས་དང་།

   ད་ལོ་འགྲིམ་འགྲུལ་སྐྱེལ་འདྲེན་དང་། ནུས་ཁུངས། ཆུ་འབྲེལ། རྨང་གཞིའི་སྒྲིག་བཀོད་གསར་པ། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་སོགས་གཙོ་གནད་ཁྱབ་ཁོངས་སུའང་མ་དངུལ་འཇོག་འབོར་སྒོར་དུང་ཕྱུར་ཁྲི་3ཙམ་གྱི་སྤུས་ལེགས་རྣམ་གྲངས་འདོན་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།