འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་9ཉིན།

༄༅།།ཀྲུང་གོའི་སྤྱི་དམངས་མགྱོགས་པོ་འདི་ནས་ཕྱིར་འཐེན་དགོས་པའི་གྲོས་འགོ་བཏོན། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་09ཉིན། 13:52】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཚེས་8ཉིན། སུའུ་ཏན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཡོངས་བསྒྲགས་བྱས་པའི་གནས་འཕྲིན་ནང་། ཟླ་5ཚེས་4ཉིན་ནས་བཟུང་། སུའུ་ཏན་གྱི་དྲག་ཆས་གདོང་ཐུག་གློ་བུར་ཛ་དྲག་ཏུ་ཕྱིན་པ་དང་། སུའུ་ཏན་གྲུ་ཁ་སོགས་སུ་ཉིན་མང་པོར་བསྟུད་མར་མི་མེད་གནམ་གྲུའི་འཇབ་རྒོལ་ཕོག་ནས་བདེ་འཇགས་ཀྱི་གནས་བབ་མུ་མཐུད་ཇེ་སྡུག་ཏུ་ཕྱིན་པ་དང་། བདེ་འཇགས་མེད་པའི་ཉེན་ཁ་ཛ་དྲག་ཏུ་ཕྱིན་པ་དང་ཆུ་གློག་དང་སྤོར་རྫས་སོགས་པ་མཁོ་སྤྲོད་དཀོན་པོ་བྱུང་ཡོད་ལུགས་བཤད་པ་རེད།

    ད་ཆ། སུའུ་ཏན་གྲུ་ཁའི་རྒྱལ་སྤྱིའི་གནམ་ཐང་དུ་མཚམས་རེར་རྒྱལ་སྤྱིའི་དུས་གཏན་གནམ་གྲུ་ཁ་ཤས་ཡོད་པ་དང་། ས་ཝ་ཅིན་གྲུ་ཁར་སོ་ཏི་ཨ་རབ་ཀྱི་ཅི་ཏ་གྲུ་ཁར་བསྐྱོད་པའི་འགྲུལ་སྐྱེལ་གྲུ་གཟིངས་ཡོད་པ། ཨེ་ཅིབ་ཏུ་བསྐྱོད་པའི་ཨ་ཧྲི་ཅི་ཐེའི་སྐམ་ལམ་འགག་སྒོ་སྔར་བཞིན་འགྲོ་སྐྱོད་བྱེད་ཐུབ་ཀྱི་ཡོད་པ་རེད། སུའུ་ཏན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་སུའུ་ཏན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་རང་ཉིད་བདེ་འཇགས་མིན་རིགས་སྔོན་འགོག་བྱེད་ཐབས་མཐོ་རུ་གཏོང་རྒྱུ་དང་མཐའ་འཁོར་གྱི་བདེ་འཇགས་གནས་ཚུལ་ལ་ལྟ་ཞིབ་གཟབ་ནན་བྱེད་དགོས་པ་དང་། དགོས་མཁོ་མེད་ན། འཕྲལ་མར་བྱེད་ཐབས་འཚམ་པོ་བདམས་ནས་སུའུ་ནས་ཁ་བྲལ་དགོས་པ། ལག་ཐོགས་ཁ་པར་དུ་འཕྲིན་གཏོང་ཤར་གཏོང་ཐུབ་པར་བྱེད་དགོས་པ། དམིགས་བསལ་གྱི་གནས་ཚུལ་འཕྲད་ཚེ། འཕྲལ་མར་གཞུང་ཚབ་ཆེ་མོ་ཁང་ལ་སྙན་སེང་ཞུ་དགོས་པ་བཅས་ཀྱི་གྲོས་འགོ་བཏོན་པ་རེད།

    ཀྲུང་གོའི་ཕྱི་འབྲེལ་པུའི་གོ་ལ་ཧྲིལ་པོའི་གཞུང་ཚབ་སྲུང་སྐྱོང་དང་ཞབས་ཞུའི་འཕྲལ་སྡོམ་ཐད་སྦྲེལ་ཁ་པར་(ཆུ་ཚོད་24)

   +86-10-12308+86-10-65612308

    སུའུ་ཏན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་མངའ་ཁོངས་འགན་སྲུང་ཁ་པར་0119530097ཡིན། (ས་གནས་དེ་གའི་བརྡ་རྟགས་གཏན་འཇགས་མིན་པའི་ཤུགས་རྐྱེན་ཐེབས་པས། གནས་སྐབས་འབྲེལ་མཐུད་བྱེད་ཐབས་མེད་ན། མུ་མཐུད་དུ་ཁ་པར་གཏོང་རོགས།)