གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་09ཉིན། 13:51】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་5ཚེས་8ཉིན། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལིན་ཅན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། གསར་འགོད་པ་ཞིག་གིས་ཐའེ་ཝན་དང་འབྲེལ་བའི་གནད་དོན་སྐོར་དྲིས་པ་རེད།
ལིན་ཅན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བ་ཡིན་ལ། ཐའེ་ཝན་ཕྱིར་བླངས་ནས་ལོ་ངོ་80འཁོར་བ་ཡང་ཡིན། 1945ལོར་ཐའེ་ཝན་ཀྲུང་གོར་ཕྱིར་ལོག་པ་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་དང་། དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། 《ཁེ་རོའི་བསྒྲགས་གཏམ》དང《པོ་ཚི་ཐན་སྤྱི་བསྒྲགས།》《ལྗར་པན་གྱི་མགོ་འདོགས་ཡི་གེ་》སོགས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་ནུས་པ་ལྡན་པའི་ཡིག་ཆ་རབ་དང་རིམ་པ་ཚང་མས་ཐའེ་ཝན་ལ་ཀྲུང་གོའི་བདག་དབང་ཡོད་པ་གཏན་ཁེལ་པ་དང་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་གྱི་རྨང་རྡོ་བཏིང་ཡོད།
དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་“ཐའེ་ཝན་རང་བཙན”ལ་ཁ་གཡར་ཏེ། “ཐའེ་ཝན་རང་བཙན་”ཁ་བྲལ་གྱི་ངོ་བོ་གཡོ་འགེབས་བྱས་ཤིང་། དེས་ཅི་ཞིག་བཤད་པ་དང་ཅི་ཞིག་བསྒྲུབས་ཀྱང་ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཆ་ཤས་ཤིག་ཡིན་པའི་ལོ་རྒྱུས་དང་ཁྲིམས་ལུགས་ཀྱི་དོན་དངོས་ལ་འགྱུར་ལྡོག་གཏོང་མི་ཐུབ་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱེད་པའི་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་ལ་འགྱུར་ལྡོག་གཏོང་མི་ཐུབ།
ང་ཚོས་འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཐའེ་ཝན་གྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་ལ་ཆབ་སྲིད་ཀྱི་དམ་བཅའ་བཞག་པ་བརྩི་སྲུང་ནན་ཏན་བྱས་ནས། འབྲེལ་ཡོད་མི་སྣར་ཚོད་འཛིན་ཏན་ཏིག་བྱེད་པ་དང་། “ཐའེ་ཝན་རང་བཙན་”གྱི་ཁ་བྲལ་སྟོབས་ཤུགས་ཀྱི་འཁྲབ་སྟོན་ལ་རྒྱབ་སྐྱོར་མི་བྱེད་པ། “ཐའེ་ཝན་རང་བཙན་”གྱི་ཁ་བྲལ་སྟོབས་ཤུགས་ལ་ནོར་འཁྲུལ་གྱི་བརྡ་རྟགས་གང་ཡང་མི་གཏོང་བའི་བླང་བྱ་འདོན་རྒྱུ་ཡིན།