འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་9ཉིན།

དགུན་གྲོ་ཐོན་འཕར་ཡོང་བའི་འགག་རྩའི་དུས་སུ་སླེབས་པ།

༄༅།།བྱང་ཤར་ས་ཁུལ་གྱི་དཔྱིད་འདེབས་མྱུར་ཚད་བཅུ་ཆ་གཉིས་ཙམ་ཟིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་09ཉིན། 13:18】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། དབྱར་ཚུགས་དུས་སུ་གསར་འགོད་པས་ཞིང་ལས་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱས་པར། དབྱར་དུས་ཀྱི་འབྲུ་རིགས་དང་པད་ཁའི་ལོ་ཏོག་གཙོ་བོ་ཡིན་པའི་དགུན་གྲོར་མིག་རྒྱག་པའི་དུས་སུ་སླེབས་པ་དང་། དགུན་ཁའི་པད་ཁ་བསྡུ་འགོ་ཚུགས་པ། མ་རྨོས་ལོ་ཏོག་དང་ཆུ་འབྲས་སོགས་ལོ་ཏོག་གི་དཔྱིད་འདེབས་དུས་སུ་སླེབས་པ་བཅས་རེད།

    མིག་སྔར། རྨ་ཆུ་དང་ཧོའེ་ཧོ་གཙང་པོའི་ཁུལ་དུ་གྲོ་ཐོན་འཕར་ཡོང་བའི་འགག་རྩའི་དུས་སུ་སླེབས་ཡོད། ཀྲུང་དབྱང་ནོར་སྲིད་ཀྱིས“གཏོར་གཅིག་འགོག་གསུམ”གྱི་མ་དངུལ་སྒོར་དུང་ཕྱུར་16སྔ་སྣུར་གྱིས་བཏང་བ་དང་། ཉེ་དུས་ཞིང་ལས་ཐོན་སྐྱེད་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་མ་དངུལ་སྒོར་དུང་ཕྱུར་3.76བཏང་ནས་ས་གནས་ཁག་གི་ཐན་འགོག་དང་ནད་འབུ་འགོག་པའི“ཚ་སྐམ་རླུང”ལ་རྒྱབ་སྐྱོར་བྱས་ཏེ་དབྱར་འབྲུར་ལོ་ལེགས་ཡོང་བར་བྱས་ཡོད།

   འབྲི་ཆུའི་སྟོད་རྒྱུད་དང་དབུས་རྒྱུད་དུ་དགུན་ཁའི་པད་ཁ་རྒྱ་ཁྱོན་ཆེན་པོས་བསྡུས་པས་སྔོན་དཔག་བྱས་ན་རྒྱ་ཁྱོན་བརྟན་པོའི་ཁྲོད་འཕར་སྣོན་བྱུང་ནས་ལོ་ལེགས་ཡོང་རེ་ཡོད།

    དཔྱིད་འདེབས་ཁུལ་དུ་ས་གནས་ཁག་གིས་ས་རྒྱུའི་བཞའ་ཚན་འོས་འཚམ་གྱི་གོ་སྐབས་དམ་འཛིན་བྱས་ཏེ། གཞི་ཁྱོན་ཆེ་བའི་མུའུ་རེའི་ཐོན་ཚད་མང་དུ་གཏོང་བའི་འགག་རྩའི་བྱེད་ཐབས་དོན་འཁྱོལ་བྱས་པ་དང་ནུས་ཆེའི་སོན་འདེབས་འཕྲུལ་འཁོར་ཁྱབ་གདལ་ཤུགས་ཆེན་བཏང་སྟེ་མྱུ་གུ་ཡོངས་འདེབས་གང་ཐུབ་བྱས་ཡོད། ཞིང་ལས་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་ལ་གཞིགས་ན། མིག་སྔར་བྱང་ཤར་ས་ཁུལ་དུ་འབྲུ་རིགས་མུའུ་ཁྲི་9200དཔྱིད་འདེབས་བྱས་ནས་བཅུ་ཆ་གཉིས་ཡས་མས་ལེགས་གྲུབ་ཟིན་ཡོད་པ་རེད།