འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་9ཉིན།

༄༅།།《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》
(རྒྱལ་སྤྱིའི་དཔར་མ)ཨུ་རུ་སུའི་སྨྱན་སྦྱོར་ཐོག་གཏོང་སྤེལ་བྱེད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་09ཉིན། 13:16】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་ཟླ་5ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་7ཉིན། ཀྲུང་གོ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་སྒྲིག་བཟོ་བྱས་པའི《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》(རྒྱལ་སྤྱིའི་དཔར་མ)གཏོང་སྤེལ་བྱེད་འགོ་ཚུགས་པའི་མཛད་སྒོ་མོ་སི་ཁོར་འཚོགས་པ་རེད། ཨུ་ཀྲུང་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྨྱན་སྦྱོར། སློབ་གསོ་སོགས་ལས་རིགས་ཁག་གི་མི་སྣ་གྲགས་ཅན་ཚུད་པའི་སྐུ་མགྲོན་200ལྷག་ཙམ་མཛད་སྒོར་ཞུགས་པ་རེད། ལེ་ཚན་དེ་ཚེས་7ཉིན་ནས་བཟུང་ཨུ་རུ་སུའི་རྒྱལ་ཁབ་བརྙན་འཕྲིན་རླུང་འཕྲིན་ཀུང་སི་དང་། ཨུ་རུ་སུ་སྲིད་གཞུང་གི་ལས་ཁུངས་ཚགས་པར《ཨུ་རུ་སུའི་ཚགས་པར》གཞུང་དྲ། ཨུ་རུ་སུའི་རང་བྱུང་སོལ་རླངས་སྨྱན་སྦྱོར་མ་རྐང་ཚོད་འཛིན་མ་རྐང་ཀུང་སི། ཨུ་རུ་སུའི་ཨེ་ཤེ་ཡ་ཆེན་པོའི་བརྙན་འཕྲིན་ལས་ཁུངས་སོགས་ལས་སྟེགས་མང་པོར་གཏོང་སྤེལ་བྱེད་འགོ་ཚུགས་པ་རེད།

   《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》(རྒྱལ་སྤྱིའི་དཔར་མའི)ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། གསུང་རྩོམ་དང་གཏམ་བཤད་ཁྲོད་དྲངས་པའི་ཀྲུང་གོའི་གནའ་དཔེ་དང་གསུང་རབ་ཀྱི་ཚིག་གྲུབ་གྲགས་ཅན་བདམས་གསེས་ཞིབ་ཚགས་བྱས་ཏེ། གསར་གཏོད་འཕེལ་རྒྱས་དང་། རིག་གནས་དར་རྒྱས། ཤེས་དཔལ་སྣ་མང་རང་བཞིན་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ། ཁྱིམ་ཚང་སློབ་གསོ་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཕུལ་དུ་བྱུང་བའི་ཆབ་སྲིད་ཀྱི་བློ་གྲོས་དང་། གཏིང་ཟབ་པའི་མཚན་ཉིད་རིག་པའི་བློ་སྦྱོང་། བླ་ན་མེད་པའི་མི་ཆོས་ཀྱི་བརྩེ་བ་བཅས་ངོ་མཚར་ཆེན་པོས་མངོན་པར་བྱས་ཡོད།