གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་07ཉིན། 15:04】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཀྲུང་གོའི་མི་དམངས་དངུལ་ཁང་གི་འགོ་འཛིན་ཕན་ཀུང་ཧྲེང་གིས་ཟླ་5ཚེས་7ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གྲབས་གཅོག་བརྒྱ་ཆའི་གྲངས་0.5དམའ་རུ་བཏང་ནས་ཁྲོམ་རར་ཡུན་རིང་འཁོར་རྒྱུག་རང་བཞིན་སྒོར་དུང་ཕྱུར་ཁྲི་1ཙམ་མཁོ་འདོན་བྱ་རྒྱུ་མ་ཟད། སྲིད་ཇུས་ཀྱི་སྐྱེད་ཚད་བརྒྱ་ཆའི་གྲངས་0.1དམའ་རུ་བཏང་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།