གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་07ཉིན། 14:24】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་5ཚེས་6ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། གསར་འགོད་པ་ཞིག་གིས། གནས་འཕྲིན་སྤེལ་བར་གཞིགས་ན། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་དབྱི་ཧུའེ་གྲོས་ཚོགས་དང་ཕན་ཚུན་འགྲོ་འོང་གི་ཚོད་འཛིན་མེད་པར་བཟོས་པ་ར་སྤྲོད་ཐུབ་བམ་ཞེས་དྲིས།
ལིན་ཅན་གྱིས། འདས་ཟིན་པའི་ལོ་འགའི་ནང་ཀྲུང་གོ་དང་ཡོ་རོབ་ཁྲིམས་འཛུགས་སྒྲིག་གཞི་དབར་འགྲོ་འོང་བྱེད་སྐབས་ཚང་མས་ཤེས་གསལ་ལྟར་གཡོ་འགུལ་ཕྲན་བུ་ཐོན་ཡོད། ད་ལྟའི་གནས་བབ་འོག་ཀྲུང་གོ་དང་ཡོ་རོབ་དབར་སྐད་ཆ་ཤོད་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་པ་ཕྱོགས་གཉིས་ཀས་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དང་།
ཕྱོགས་གཉིས་པོས་གྲོས་ཐག་བཅད་པ་བརྒྱུད། ཀྲུང་གོ་ཕྱོགས་དང་ཡོ་རོབ་གྲོས་ཚོགས་ཀྱིས་ཕན་ཚུན་འགྲོ་འོང་བྱེད་པར་ཚོད་འཛིན་ཕྱོགས་ཡོངས་ནས་མེད་པར་བཟོ་རྒྱུའི་ཐག་བཅད་པ་རེད། ཀྲུང་གོ་དང་ཡོ་རོབ་བར་ཁྲིམས་འཛུགས་སྒྲིག་གཞིའི་འགྲོ་འོང་ཕྱོགས་ཡོངས་ནས་སླར་གསོ་བྱེད་པ་དང་ཆབས་ཅིག་ཕྱོགས་གཉིས་པོས་སྤེལ་རེས་དང་བསམ་ཤེས་སྔར་བས་གཏིང་ཟབ་ཏུ་འགྲོ་རྒྱུ་ཡིན་པར་ང་ཚོས་ཡིད་ཆེས་དང་རེ་སྒུག་བྱེད་ཀྱི་ཡོད། འདིས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་རྒྱུན་མཐུད་སྐྱོན་བྲལ་དང་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་གསར་པ་སྣོན་ཐུབ་ངེས་རེད་ཟེར།