གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་07ཉིན། 11:06】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་5ཚེས་4ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་སྤྱི་བདེ་ཅུས་ཁུ་ཁུ་ཤི་རི་རང་བྱུང་སྲུང་སྐྱོང་ཁུལ་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར། ཚེས་4ཉིན་ལྟ་ཞིབ་ཚད་ལེན་བྱས་པ་ལྟར་ན། ཁག་དང་པོའི་གཙོད་མོ་65མཚོ་བོད་གཞུང་ལམ་གྱི་སྤྱི་ལེ་3001གི་ས་ནས་རྩོ་ནག་མཚོའི་ཕྱོགས་སུ་སྐྱོད་འགོ་ཚུགས་པ་ལས་གཙོད་ཀྱི་ལོ་འཁོར་གྱི་གནས་སྤོ་དང་གཙོད་ཕྲུག་བཙའ་འགོ་ཚུགས་པ་མཚོན་གྱི་ཡོད།
ཁུ་ཁུ་ཤི་རི་རང་བྱུང་སྲུང་སྐྱོང་ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ངག་དབང་བསྟན་པས། གཙོད་གནས་སྤོ་བྱེད་རིང་ལས་རེས་མི་དམངས་ཉེན་རྟོག་པས་གནས་སྤོ་བྱེད་རིང་བརྒྱུད་དགོས་པའི་མཚོ་བོད་གཞུང་ལམ་གྱི་སྨུག་པ་ལའི་ལམ་དུམ་ཁག་ཏུ་གནས་སྐབས་འགྲིམ་འགྲུལ་བཀག་སྡོམ་བྱས་ཡོད་པ་དང་། ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་རླངས་འཁོར་དང་ཡུལ་སྐོར་བས་དུང་བརྡ་གཏོང་མི་ཆོག་པ་དང་རི་སྐྱེས་སྲོག་ཆགས་འདེད་མི་ཆོག་པ། མིའི་རིགས་འཚོ་གནས་ལས་སྲོག་ཆགས་གནས་སྤོ་བྱེད་པར་གང་ཐུབ་ཅི་ཐུབ་ཀྱིས་འགོག་རྐྱེན་མི་བཟོ་བ་བྱས་ཡོད་ཅེས་བཤད། དོ་དམ་སྡེ་ཚན་གྱིས་ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་སྐོར་བ་དང་ཁ་ལོ་བ་ཚོར་ས་གནས་ས་ཐོག་གི་ལས་དོན་པའི་བཀོད་འདོམས་ལ་ཉན་པ་ལས་རང་དགར་སྲུང་སྐྱོང་ཁུལ་དུ་འཛུལ་མི་ཆོག་པ་མ་ཟད། གནས་སྤོ་བྱེད་བཞིན་པའི་སྲོག་ཆགས་ལས་གཡོལ་གང་ཐུབ་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།