གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་07ཉིན། 11:02】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བུ་བཙའི་འགན་སྲུང་ཁེ་དབང་སྔར་བས་ཆེ་རུ་དང་། ཁྱིམ་ཚང་གི་བུ་བཙའི་ཁུར་པོ་ཡང་དུ། ཁེ་ལས་ཀྱི་མ་དངུལ་སྔོན་སྤྲོད་ཀྱི་གནོན་ཤུགས་ཆུང་དུ་བཅས་ཏན་ཏིག་གཏོང་ཆེད། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱིས《བུ་བཙའི་འགན་བཅོལ་ཐོབ་ཐང་རེ་ཞུ་དང་གཏོང་སྤྲོད་བྱེད་སྟངས་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་སྟེ། ལམ་ལུགས་འགན་སྲུང་འཐུས་སྒོ་ཚང་དུ་དང་། ཆ་འཕྲིན་མ་ལག་ལེགས་སུ། ལས་སྒོའི་བརྒྱུད་རིམ་ཁུ་བསྡུ་བཅས་བཏང་ནས་བུ་བཙའི་ཕོགས་སྣོན་ཁ་གསབ་སྤྲོད་སྟངས་དེ“ཁེ་ལས་ཀྱིས་བརྒྱུད་སྤྲོད་བྱེད་པ”ནས“མི་སྒེར་ལ་ཐད་ཀར་སྤྲོད་པར”བསྒྱུར་ཏེ། བུ་བཙའི་ཕོགས་སྣོན་ཁ་གསབ་ཐད་ཀར་འགན་བཅོལ་ནང་ཞུགས་པའི་བུད་མེད་ལས་བཟོ་མི་སྒེར་ལ་སྤྲོད་ཐུབ་པ་བྱུང་བ་དང་སྤྲོད་ཡུན་ལས་སྒྲུབ་ཉིན་མོ་8བར་ཐུང་དུ་ཕྱིན་ཡོད། མིག་སྔའི་བར་ཞིང་ཆེན་ཡོངས་ཀྱིས་བུད་མེད་ལས་བཟོ་298ལ་བུ་བཙའི་ཕོགས་སྣོན་ཁ་གསབ་སྒོར་ཁྲི་1051.53སྤྲད་ཡོད་པ་རེད།