—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གྱིས་རྒྱ་ཆེའི་གཞོན་ནུ་ཚོས་འབད་འཐབ་བྱས་ནས་ཕུགས་འདུན་དོན་གཉེར་བྱེད་པར་སྐུལ་ལྕག་གནང་བ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་07ཉིན། 09:49】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་གྱི་གསར་འགོད་པ། དབྱང་ཧའོ།
“རྒྱ་ཆེའི་གཞོན་ནུ་ཚོས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཁྱིམ་ཞེན་རྒྱལ་གཅེས་ཀྱི་སྤྲོ་སེམས་ཟབ་ཏུ་གཏོང་བ། ཉམས་སད་ཐེག་ཐུབ་པའི་འཇོན་ཐང་སྦྱོང་བ། འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས། མེས་རྒྱལ་དང་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་སར་བསྐྱོད་དེ་རང་ནུས་ཧུར་ཐག་བཏོན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཆེད་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད”
ལྔ་བཞི་གཞོན་ནུའི་དུས་ཆེན་འཆར་ཉེའི་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤིན་ཅང་ཁེ་ཙེ་ལེ་སུའུ་ཁོར་ཁེ་ཙི་རང་སྐྱོང་ཀྲོའུ་ཨ་ཐུའུ་ཧྲི་གྲོང་ཁྱེར་ཧ་ལཱ་ཅུན་ཤང་ཞེ་དབྱི་ཐེ་སློབ་ཆུང་གི་མཐའ་སྲུང་སློབ་སྐྱོར་ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་ཞབས་ཞུ་རུ་ཁག་གི་རུ་མི་ཡོངས་ལ་འཕྲིན་ལན་སྤྲིངས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་ཚོར་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་མ་ཟད། ཐུགས་རེ་ཟབ་མོ་ཡང་བཅོལ་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོས་རྒྱ་ཆེའི་གཞོན་ནུ་ཚོར་སྐུལ་ལྕག་ཆེན་པོ་ཐེབས་ཤིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་འབད་འབུངས་ཡར་བརྩོན་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ཁྲོད་ཐེག་པ་ཁུར་ལེན་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་འབྱོར་རྗེས་ང་ལ་སེམས་འགུལ་ཚད་མེད་ཐེབས་པ་མ་ཟད། ནུབ་རྒྱུད་ལ་གཞི་ཚུགས་པ་དང་མཐའ་མཚམས་ལ་ཞབས་འདེགས་ཞུ་བའི་ངའི་ཆོད་སེམས་ཀྱང་དེ་བས་བརྟན་དུ་ཕྱིན་སོང”ཞེ་དབྱི་ཐེ་སློབ་ཆུང་གི་མཐའ་སྲུང་སློབ་སྐྱོར་ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་ཞབས་ཞུ་རུ་ཁག་གི་རུ་དཔོན་ཝང་ཕེང་ཧྥེ་ཡིས་ཚོགས་པའི་སྣེ་ཁྲིད་དེ་ལེགས་སྐྱེས་ཧུར་ཐག་ཕུལ་བར་བརྟེན་འཛིན་གྲྭ་ཕུལ་བྱུང་དུ་སླེབས་ཚད་50%མཐོ་རུ་ཕྱིན་པ་དང་རྒྱུགས་འཕྲོད་ཚད་96%ཟིན་ཡོད། “ངས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ། སློབ་ཁྲིད་བྱེད་ཐབས་འཚོལ་ཞིབ་གསར་གཏོད་བཅས་བྱས་ཏེ་ཤེས་བྱར་བརྟེན་ནས་ཕྲུ་གུ་ཚོའི་འབྱུང་འགྱུར་ལ་འོད་སྣང་སྦྱིན་གྱི་ཡིན”ཞེས་བཤད།
“སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་ཟབ་མོས་གཞོན་ནུ་ཚན་རྩལ་ལས་དོན་པ‘སྐྱིད་སྣང་ཁུལ’ནས་རྡོག་ཐོན་བྱས་ཏེ‘མི་མེད་ལུང་སྟོང་ཁུལ’དུ་འབད་འཐབ་བྱེད་པར་བསྐྱོད་རྒྱུར་སྐུལ་ལྕག་བྱས་ཡོད”ཀྲུང་གོ་ཚན་རིག་ཁང་རྩིས་རྒྱག་ལག་རྩལ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དང་རིག་ནུས་བཀོལ་སྤྱོད་འཕྲུལ་ཆས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཀུའོ་ཆི་ཡིས་ཚོགས་པའི་སྣེ་ཁྲིད་དེ་རྒྱལ་ནང་གི་རིག་ནུས་རྩིས་རྒྱག་མ་ལག་གི་མཉེན་ཆས་ཐོག་མ་ཞིབ་འཇུག་གསར་བཟོ་བྱས་ནས་རང་རྒྱལ་ནས་ཐོན་པའི་རིག་ནུས་ཁོར་ཡུག་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ཡོད། “ང་ཚོས་དད་སེམས་དེ་བས་བརྟན་དུ་བཏང་ནས་ཚན་རྩལ་འགག་སྒྲོལ་གྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱས་ཏེ་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་གྱི་རྒྱང་ལམ་ཐོག་ལང་ཚོའི་འོད་མདངས་འཕྲོ་བར་བྱེད་ཀྱི་ཡིན”ཞེས་བཤད།
“སྤྱི་ཁྱབ་ཧྲུའུ་ཅིས་འཕྲིན་ལན་སྤྲིངས་ནས་རྒྱ་ཆེའི་གཞོན་ནུ་ཚོར་ཡིད་ཆེས་ཆེན་པོ་གནང་བ་མ་ཟད། ཐུགས་རེ་ཟབ་མོ་བཅོལ་གནང་སྟེ་གཞོན་ནུ་ཚོ་འཚར་ལོངས་དང་ཤེས་ཡོན་ཅན་ལ་འགྱུར་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད”ལེ་ཅུས(ཧྲེན་ཀྲེན)འཕྲུལ་མི་ལག་རྩལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལེང་ཞའོ་ཁུན་གྱིས་ཚོགས་པའི་སྣེ་ཁྲིད་དེ་མི་གཟུགས་འཕྲུལ་མིའི་འགག་རྩའི་ལག་རྩལ་འགག་སྒྲོལ་དང་རྒྱལ་ཁབ་འཐབ་ཇུས་གལ་ཆེན་གྱི་དགོས་མཁོར་དམིགས་ནས་ཐོན་ལས་ཅན་གྱི་བཀོད་པ་མགྱོགས་སུ་གཏོང་བ་དང་། རྒྱུན་མཐུད་གསར་གཏོད་བརྒྱུད་རིག་ནུས་ཅན་གྱི་རང་བརྟེན་ལག་རྩལ་མཁར་རྫོང་བསྐྲུན་ཏེ་མི་གཟུགས་འཕྲུལ་མིར་བརྟེན་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་མཐུན་རྐྱེན་སྦྱོར་གྱི་ཡིན་ཞེས་བཤད།
ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་ཐོབ་མ་ཐག་པའི་85ལོའི་ནང་སྐྱེས་ཀྱི་གཞོན་ནུ་ཨ་སི་ལི་པེ་ཁེ་ནི་ཤིན་ཅང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་པོ་ཀྲོའུ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཏའོ་ལང་ཐེ་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་ཡིན་ཞིང་། ནུབ་བྱང་མཐའ་མཚམས་བརྟན་སྲུང་བྱས་ནས་ལོ་11སོང་ཡོད། “ངས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་མི་སྒེར་གྱི་ཕུགས་བསམ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མཉམ་འདྲེས་བྱས་ཏེ་རང་འཁྲིའི་ལས་གནས་ལ་གཞི་ཚུགས་ནས་ཆེད་ལས་ཀྱི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་ཆེད་རང་ནུས་ཧུར་ཐག་འདོན་གྱི་ཡིན”ཞེས་བཤད།
འཕྲིན་ལན་ནང་གི“མེས་རྒྱལ་དང་མི་དམངས་ལ་ཆེས་མཁོ་བའི་གནས་སུ་བསྐྱོད་དེ་རང་ནུས་ཧུར་ཐག་འདོན་དགོས”ཞེས་པའི་མཛུབ་སྟོན་གལ་ཆེན་ལས། 2025ལོའི་ལོ་འཁོར་གྱི་དུས་རབས་གསར་པའི་གཞོན་ནུ་གདོང་ལེན་པ་དང་ཀྲུང་གོ་འཛུགས་སྐྲུན་སྒྲིག་སྦྱོར་ཚོགས་པའི་ནན་ཅིང་ཧྭ་ཅན་ཞིབ་དཔྱད་ཚད་ལེན་ལག་རྩལ་ཚད་ཡོད་ཀུང་སིའི་ཞིབ་དཔྱད་ཚད་ལེན་གྱི་འགན་འཁུར་བ་ཝང་ཧའེ་ལང་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད། “རྣམ་གྲངས་ཀྱི་འཐབ་ཕྱོགས་དང་པོའི་གཞོན་ནུ་བཟོ་པ་ཞིག་ཡིན་པའི་ངས་ཚ་ལ་རྒྱག་པའི་ཞིབ་དཔྱད་ཚད་ལེན་གྱི་སྤུས་ཚད་དེ་རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭ་བདེ་འཇགས་ངང་འཁོར་སྐྱོད་བྱེད་པ་དང་འབྲེལ་བ་ཆེན་པོ་ཡོད་པ་ཤེས་ཀྱི་ཡོད། ངས་མུ་མཐུད་ལས་གནས་བརྟན་སྲུང་གིས་དྲོད་ཚད་མཐོ་བ་དང་མཐོ་འཛེཌ། གཙོ་གནད་རྣམ་གྲངས་སོགས་ལ་འཇོན་ཐང་བཏོན་ནས་ཚོགས་པའི་སྣེ་ཁྲིད་དེ་འགག་རྩའི་ཞིབ་དཔྱད་ཚད་ལེན་ལག་རྩལ་འགག་སྒྲོལ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐྲུན་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བཤད།
“ལྔ་གཅིག”ངལ་གསོའི་རིང་། ཐེན་ཅིན་གྲོང་ཁྱེར་སྤྱི་བདེ་ཅུས་ཝུའུ་ཆིང་ཡན་ལག་ཅུས་ཆོན་ཀྲོའུ་ལམ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཀྲའོ་ལེ་ཡིས་ལས་གནས་བརྟན་སྲུང་དང་གཙོ་གནད་ས་ཁོངས་སུ་སྐོར་གཡེང་བྱས་ཏེ། མང་ཚོགས་ཀྱི་དཀའ་ངལ་ཐག་གཅོད་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་བྱས། “ངས་སྤྱི་ཁྱབ་ཧྲུའུ་ཅིས་གཞོན་ནུ་ཚོར་བཅོལ་བའི་མངགས་བཅོལ་དང་ཐུགས་རེ་བློ་ལ་བརྟན་པོར་བཅངས་ནས་ཐེག་པ་འཁུར་ལེན་གྱིས་མང་ཚོགས་བདེ་འཇགས་ཀྱི་སྲུང་རགས་བརྟན་དུ་བཏང་ནས་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་ཆེད་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བཤད།
གཞོན་ནུ་ཚོར་ཕུགས་བསམ་ལྡན་པ་དང་། འགན་འཁྲི་འཁུར་ཕོད་པ། དཀའ་སྡུག་བཟོད་ཐུབ་པ། འབད་འཐབ་བྱེད་ཕོད་པ་བཅས་བྱས་ཚེ། ཀྲུང་གོའི་གཞོན་ནུ་ཚོར་གཞི་ནས་སྟོབས་ཤུགས་ལྡན་པ་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་གཞི་ནས་རེ་བས་ཁེངས་ཡོད།
“སྤྱི་ཁྱབ་ཧྲུའུ་ཅིས་གཞོན་ནུ་ཚོར་མངགས་བཅོལ་ཟབ་མོ་བཅོལ་གནང་བས། རང་ཉིད་ཀྱི་ཕྲག་ཐོག་གི་འགན་འཁྲི་ལྷག་པར་ཆེ་བ་ཚོར་སོང”ཧོ་པེ་དགེ་འོས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཀུའོ་རུའེ་ཡིས། འབྱུང་འགྱུར་ངས་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་དང་སློབ་ཁྲིད་ཀྱི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། “གསར་བརྗེའི་སློབ་ཚན”སོགས་བྱེད་ཐབས་སྣ་མང་ལ་བརྟེན་ནས་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆུང་བ་དང་སྤྱི་ཚོགས་ཀྱི་སློབ་ཚན་ཆེན་པོ་ཟུང་འབྲེལ་དམ་ཟབ་བྱས་ཏེ། སློབ་མ་ཚོས་དུས་རབས་གསར་པའི་གྲུབ་འབྲས་རླབས་པོ་ཆེའི་ཁྲོད་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱེད་ཀྱི་ཡིན་ཞེས་བཤད།
རྒྱལ་ཁབ་གློག་དྲ་ཏུང་དབྱིན་གློག་གཏོང་ཀུང་སིའི་གློག་གཏོང་ཞིབ་བཤེར་ལྟེ་གནས་ཀྱི་གློག་ཤུགས་ལས་སྒྲུབ་པན་གྱི་པན་ཀྲང་གཞོན་པ་ལི་ཧའེ་ལུང་གིས་ལོ་ལྟར་འཐབ་ཕྱོགས་དང་པོར་བརྟན་སྲུང་བྱེད་ཅིང་། “རྒྱུན་དུ་མཐོ་ཚད་སྨི་30ཡོད་པའི་ལྕགས་སྒྲོམ་སྟེང་འཛེགས་ནས་རང་ཉིད་ཀྱི་འགན་འཁྲི་དང་འོས་འགན་བསྒྲུབས་ཏེ་ཁྱིམ་ཚང་ཁྲི་སྟོང་མང་པོར་གློག་གཏོང་ཐུབ་པར་བྱེད་ཀྱི་ཡོད། ངས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་རང་འཁྲིའི་ལས་གནས་ལ་གཞི་ཚུགས་ཏེ་ཆེད་ལས་ཀྱི་རྩལ་ནུས་མཐོ་རུ་གཏོང་བ་དང་གསར་འབྱེད་གསར་གཏོད་བྱེད་ཕོད་པ་བྱས་ནས་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་བྱས་རྗེས་འཇོག་གི་ཡིན”ཞེས་ལི་ཧའེ་ལུང་གིས་བཤད།
“སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོས་མི་སེམས་ལ་དྲོ་སྐྱིད་སྦྱིན་ཞིང་། འབད་འཐབ་ལ་སྐུལ་ལྕག་བྱས”པེ་ཅིང་ཅིན་ཏུང་ཡོན་ཧྲེང་ཚན་རྩལ་ཚད་ཡོད་ཀུང་སིའི་ལས་བཟོ་ལོན་ཡུས་ཧྲུའེ་ནི་མྱུར་སྐྱེལ་བ་ཞིག་ཡིན་ཞིང་། ཉིན་ལྟར་ཁྲོམ་གཞུང་དང་སྲང་ལམ་དུ་བསྐྱོད་ནས་བསྐུར་མ་ཁྱིམ་ཚང་མང་པོར་སྐྱེལ་གྱི་ཡོད། “ངས་ཐོག་མའི་བསམ་འདུན་བརྟན་པོར་བསྲུངས་ནས་བསྐུར་མ་ཁྱིམ་ཚང་མང་པོར་འབྱོར་ཐུབ་པར་བྱ་རྒྱུ་མ་ཟད། ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས‘མཐའ་མའི་འགག་སྒོ’སྲུང་མཁན་ཞིག་བྱེད་ཀྱི་ཡིན”ཞེས་ལོན་ཡུས་ཧྲུའེ་ཡིས་བཤད།