གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་07ཉིན། 09:44】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན། དུས་ཡུན་ཉིན་3ཡིན་པའི་2025ལོའི་འཛམ་གླིང་ཆུ་རྐྱལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཆུ་མཆོང་རྣམ་གྲངས་ཀྱི་འཛམ་གླིང་བུམ་པའི་མཐའ་བསྡུར་པེ་ཅིང་གི་རྒྱལ་ཁབ་ཆུ་རྐྱལ་ལྟེ་གནས་ཀྱི“ཆུ་ཤོ་གཟུགས་ཁང”དུ་མཇུག་འགྲིལ་བ་རེད། ཀྲུང་གོའི་ཆུ་མཆོང་རུ་ཁག་ལ་རྣམ་གྲངས་9ཚང་མའི་གསེར་གྱི་རྟཌ་མ་ཐོབ་པ་དང་། མི་རྐྱང་པའི་རྣམ་གྲངས་4ཡི་ཨང་དང་པོ་དང་ཨང་གཉིས་པ་ཚང་མ་བླངས་པ་རེད།
ཆུ་མཆོང་རྣམ་གྲངས་ཀྱི་འཛམ་གླིང་བུམ་པའི་འགྲན་བསྡུར་ལོ་འཁོར་འདིར་ཁྱོན་ས་ཚིཌ་3དུ་སྤེལ་བ་དང་ཀྲུང་གོའི་རུ་ཁག་གིས་ས་ཚིཌ་དང་པོ་དང་གཉིས་པར་གསེར་གྱི་རྟགས་མ་15བླངས་པ་རེད། ས་ཚིགས་དེའི་མཐའ་བསྡུར་ནང་ཀྲུང་གོའི་རུ་ཁག་གིས་ཆོན་ཧུང་ཁྲན་དང་། ཁྲེན་ཡུས་ཤིས། ཁྲེན་དབྱི་ཝུན། ཁྲང་ཡཱ་ཉི། ཝང་ཙུང་ཡོན་སོགས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་5ཐོབ་མཁན་མངགས་ཏེ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོའི་རུ་ཁག་གི་ཀྲུའུ་ཙེ་ཧྥུང་དང་ཁྲེན་ཡུས་ཤིས་སོ་སོར་2025ལོའི་འཛམ་གླིང་ཆུ་རྐྱལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཆུ་མཆོང་རྣམ་གྲངས་ཀྱི་འཛམ་གླིང་བུམ་པའི་ཕུལ་བྱུང་ལུས་རྩལ་པ་སྐྱེས་པ་དང་བུད་མེད་གཉིས་ཀའི་མཚན་སྙན་ཐོབ་པ་རེད།